འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་འདོད་རྟོག་ཞིབ་བྱས་པ་ལས་ཀྲུང་གོ་ནི་ཨུ་རུ་སུ་དང་མཛའ་གྲོགས་འབྲེལ་བ་
    ཟབ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་པ་མངོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་12ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན་ཨུ་རུ་སུའི་ཨུ་རུ་སུ་ཡོངས་ཀྱི་སྤྱི་ཚོགས་གླེང་ཕྱོགས་ཞིབ་འཇུག་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་རྟོག་ཞིབ་གྲུབ་འབྲས་ལས་ཨུ་རུ་སུ་བ་ཕྱེད་ཀ་ཡན་གྱིས་ཀྲུང་གོ་ནི་ཨུ་རུ་སུ་དང་མཛའ་གྲོགས་འབྲེལ་བ་ཟབ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་པའི་ངོས་འཛིན་བྱས་པ་མངོན་གྱི་ཡོད་པ་རེད།
         ཨུ་རུ་སུ་ཡོངས་ཀྱི་སྤྱི་ཚོགས་གླེང་ཕྱོགས་ཞིབ་འཇུག་ལྟེ་གནས་ཀྱིས་ཟླ་4ཚེས་2ཉིན་ནས་3ཉིན་ཨུ་རུ་སུའི་བཅར་འདྲི་དང་ལེན་པ་1500ལ་རྟོག་ཞིབ་བྱས་ཤིང་། རྟོག་ཞིབ་བྱས་པ་ལས་བཅར་འདྲི་དང་ལེན་པ་56%གིས་ཀྲུང་གོ་དེ་ཉིད་མཛའ་གྲོགས་འབྲེལ་བ་ཟབ་ཤོས་ཀྱི་རྒྱལ་ཁབ་གྲས་སུ་བཅུག་པ་མངོན་གྱི་ཡོད་པ་རེད།
         རྟོག་ཞིབ་བྱས་པ་ལས་ད་དུང་ཨུ་རུ་སུ་བའི་མིག་ནང་བྷེ་ཨུ་རུ་སུ་(68%)དང་། ཧ་སག་སི་ཐན(50%) རྒྱ་གར(26%)བཅས་བཟུང་བས་མཛའ་གྲོགས་འབྲེལ་བ་ཟབ་ཤོས་ཀྱི་རྒྱལ་ཁབ་ཡིན་པ་མངོན་གྱི་ཡོད་པ་རེད།
         སྒྲིག་གཞི་དེས་2014ལོའི་ཟླ་བ་བཞི་པ་ནས་བཟུང་ལོ་ལྟར“ད་ཆའི་ཨུ་རུ་སུར་ཆ་མཚོན་ན། རྒྱལ་ཁབ་གང་ཞིག་དང་མཛའ་གྲོགས་འབྲེལ་བ་ཟབ་ཤོས་ཡིན་ནམ”ཞེས་པའི་གནད་དོན་དེའི་ཐད་དམངས་འདོད་རྟོག་ཞིབ་བྱས་ཤིང་། བྷེ་ཨུ་རུ་སུ་དང་། ཀྲུང་གོ ཧ་སག་སི་ཐན་བཅས་ལོ་གསུམ་བསྟུད་མར་ཨུ་རུ་སུ་བའི་མིག་ནང་གི་མཛའ་གྲོགས་འབྲེལ་བ་ཟབ་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།