འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།སྨུག་ཕྱིའི་པར་ཆས་ལ་བརྟེན་ཏེ་ཇོ་རིའི་སྲུང་སྐྱོང་ཁུལ་ནས་གསའ་ཡི་པར་མང་པོ་བླངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཚན་ཞིབ་མི་སྣས་ཇོ་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བཙུགས་པའི་སྨུག་ཕྱིའི་པར་ཆས་བསྡུས་ནས་བལྟ་སྐབས་གསའ་མང་པོ་ཞིག་པར་དུ་ཐེབས་པ་མཐོང་བ་རེད། དེ་ལས་རྒྱལ་སྤྱིའི་སྟོངས་ཉེར་ཡོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཇོ་རིའི་བྱང་ངོས་སུ་ཡོད་པ་ར་འཕྲོད་ཐུབ་ཡོད། དེས་གསའ་ཡི་གྲངས་འབོར་བརྟག་དཔྱད་དང་དེ་བཞིན་རང་རྒྱལ་གྱི་རི་མཐོའི་སྣོད་བཅུད་མ་ལག་ཞིབ་འཇུག་བྱ་རྒྱུར་རྩ་ཆེའི་དཔྱད་གཞི་མཁོ་འདོན་ཐུབ་ཡོད་པ་རེད།
         གསའ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤིག་ཡིན་ལ་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་གཏན་འཁེལ་བྱས་པའི་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཤིག་ཀྱང་ཡིན། རྒྱུན་དུ་གངས་ཁྲོད་དུ་གནས་པའི་གསའ་ལ་མི་རྣམས་ཀྱིས“གངས་རིའི་རྒྱལ་པོ”ཞེས་འབོད་ཀྱི་ཡོད། བསྡོམས་རྩིས་ལ་གཞིགས་ན། འཛམ་བུ་གླིང་དུ་གསའ་ཁྲི་གཅིག་ཙམ་ལས་མེད་པ་དང་རང་རྒྱལ་དུ་གསའ་2500ནས་3500བར་ཡོད་པ་རེད།
         ཇོ་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་སྣོད་བཅུད་ཞིབ་འཇུག་ཁོའོ་ཡི་འགན་འཁུར་བ་ལྷག་པ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་ཟླ་10པ་ནས་11པའི་བར་ཇོ་རིའི་གསའ་སྲུང་སྐྱོང་ལྟེ་གནས་ཀྱིས་པེ་ཅིང་ནགས་ལས་སློབ་ཆེན་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཞིབ་འཇུག་སུའོ་དང་མཉམ་འབྲེལ་ཐོག་ཇོ་རིའི་བྱང་ངོས་ཏེ་བོད་ལྗོངས་དིང་རི་རྫོང་དང་སྐྱིད་གྲོང་རྫོང་ཁོངས་སུ་གསའ་མང་ཉུང་གི་ཐིག་ལེན་བརྟག་དཔྱད་བྱས་པ་བརྒྱུད་གསའ་ཡི་རྐང་རྗེས་གཏན་འཁེལ་དང་འབྲེལ་དེ་རྨང་གཞིར་བྱས་ནས་སྨུག་ཕྱིའི་པར་ཆས་སྒྲིག་སྦྱོར་གྱིས་གསའ་ཡི་པར་ལེན་ཐབས་བྱས་པ་རེད།
         ལྷག་པ་ཚེ་རིང་གིས་སྐྱིད་གྲོང་རྫོང་གིས་བསྡུས་པའི་སྨུག་ཕྱིའི་པར་ཆས་64ཡིས་གོ་ཆོད་པའི་པར་17304བརྒྱབ་པའི་ནང་གསའ་ཡི་པར་606དང་དེ་དབྱིངས་ཚང་མ་གཡི་དང་ཝ་དམར་སོགས་ཀྱི་པར་རེད་ཅེས་བཤད།
         ཇོ་རིའི་གསའ་སྲུང་སྐྱོང་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་ཀའོ་ཡུས་ཧྥང་གིས་གནས་སྐབས་པར་ཆས་ལས་བླངས་པའི་གསའ་ཡི་པར་ལ་གཞིགས་ནས་མང་ཉུང་ཤེས་ཐབས་བྲལ། གོམ་སྟབས་རྗེས་མར་ཚན་ཞིབ་མི་སྣས་གསའ་ཡི་པར་ལ་གཞིགས་ནས་སྲོག་ཆགས་རིགས་དབྱེ་འབྱེད་བྱ་རྒྱུ་དང་འབྲེལ་གསའ་ཡི་མང་ཉུང་དང་། སྲོག་ཆགས་ཀྱི་ཐོན་ཁུངས། འཚོ་གནས་གནོན་ཤུགས་སོགས་ལ་གཞིགས་ཏེ་གདེང་འཇོག་དང་ཚད་འབེབས་ཞིབ་འཇུག་བྱས་ནས་ཕྱིས་སུ་གསའ་སྲུང་སྐྱོང་འཆར་གཞི་ཕྱོགས་བསྡུས་ངང་འགོད་རྒྱུར་རྨང་གཞི་འདིང་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།