འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་བཟོ་དང་འཚོང་བར་ཞིབ་བཤེར་ནན་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་08ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་རིམ་པ་གཉིས་ཀྱི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་དང་། སྲོག་ཆགས་དང་རྩི་ཤིང་ནད་ཡམས་ཞིབ་བཤེར་ལྟ་སྐུལ་སུའོ། ས་ཐོན་དོ་དམ་ས་ཚིགས་སོགས་འགན་ནུས་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁུལ་གྱི་ཞིང་འབྲོག་ལས་ཀྱི་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཐོན་སྐྱེད་གཉེར་སྐྱོང་ཚན་པར་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུས་མར་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་རིང་ཁྲིམས་འཛིན་ཞིབ་བཤེར་མི་སྣ་13བཏང་ནས་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་གཉེར་སྐྱོང་ཚོང་ཁང་དང་། ཕྱུགས་སྨན་ཚོང་ཁང་། གཟན་ཆག་ལས་སྣོན་ཐོན་སྐྱེད་ཁེ་ལས། ཞིང་འཕྲུལ་བྲིན་ཚོང་ཀུང་སི་སོགས་ཐོན་སྐྱེད་གཉེར་སྐྱོང་ཚན་པ་20ལྷག་ཙམ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ཤིང་། ས་ཐོན་དང་། རྫས་ལུད། ཞིང་སྨན་བཅས་ཞིབ་བཤེར་བྱ་གཞི་གཙོ་བོར་བརྩི་བ་དང་། ཁྲོམ་རར་སྐོར་ཞིབ་དང་སྤུས་ཚད་འཐེན་བཤེར་བྱེད་ཐབས་གཙོ་བོར་བརྩིས་ནས་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་རེད།
         སྐོར་ཞིབ་བྱས་རྗེས་ཞིབ་བཤེར་ཚོགས་ཆུང་གིས་ཚོང་དུད་ཁག་གཅིག་ལ་གཉེར་སྐྱོང་ལག་ཁྱེར་དང་འབྲེལ་ཡོད་ཐོབ་ཐང་ལག་ཁྱེར་གྱང་ལྡེབས་སུ་བཀལ་མེད་པ་དང་། ཚོང་འཐེན་རྩིས་ཐོ་འཐུས་སྒོ་ཚང་པོ་མེད་པ། རྫས་ལུད་དང་ཞིང་སྨན་སོགས་གང་བྱུང་དུ་འཇོག་པ། ཚོང་ཟོག་ཡོང་ཁུངས་གསལ་པོ་མེད་པ་སོགས་ཀྱི་གནད་དོན་ཤེས་རྟོགས་ཐུབ་ཡོད། གོང་གསལ་གྱི་གནད་དོན་ལ་དམིགས་ཏེ་ཞིབ་བཤེར་ཚོགས་ཆུང་གིས་ཚོང་དུད་ཁག་ལ་ཟོག་ཁུངས་ཐད་ཚོང་ཟོག་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་། ཟོག་ཁུངས་ཁེ་ལས་ཀྱི་ཐོབ་ཐང་ནན་པོ་སྲུང་བའི་ཐོག་ནས་ཚད་མི་ལོན་པའི་ཚོང་ཟོག་དང་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་ཁྲོམ་རའི་ཐོག་འདོན་རྒྱུ་གཏན་འགོག་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།