འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྲུ་གུ་མ་འཁོར་གོང་གི་འཚོ་བཅུད་ལ་དོ་སྣང་བྱེད་དགོས་པའི་རྒྱུ་མཚན་ཅི།

    ཡོངས་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་08ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         བདེ་ཐང་གི་ཕྲུ་གུ་ཞིག་འཁོར་ཆེད་མངལ་མ་ཆགས་གོང་ཕ་མ་གཉིས་པོའི་འཚོ་བཅུད་ལ་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེ། ཁ་རྒྱུན་དུ་རྟ་དམག་མ་འགུལ་གོང་གསོ་ཚགས་ལེགས་པོ་བྱེད་ཟེར་བའི་དཔེ་བཞིན་དེའི་ཐད་དོ་སྣང་བྱེད་དགོས་པ་སྟེ། སྲོག་ཆགས་ཀྱི་མཆིན་པ་དང་། ཤ། སྒོ་ང་། སྦ་དམ། ཏིལ། སྟར་ཁ་སོགས་ཤིན་རྒྱུ་ལྡན་པ་དང་འཚོ་བཅུད་སྣ་ཚོགས་སྦྱིན་རྒྱུ་ནི་ཐིག་ལེའི་འབོར་ཚད་དང་འགུལ་སྐྱོད་ལ་འགན་སྲུང་ཐུབ་པའི་ཟས་རིགས་ཡིན་པས་སྐྱེས་པ་རྣམས་ཀྱིས་ཕྲུ་གུ་མ་སྐྱེས་གོང་གདམ་ག་གང་ལེགས་བྱ་དགོས།
         མངལ་མ་ཆགས་གོང་གི་འཚོ་བཅུད་དོ་སྙོམས་ཤིང་ཟས་རིགས་སྣ་ཁ་ཕུན་སུམ་གང་ཚོགས་ཡོང་བ་བྱ་དགོས། ཉིན་ལྟར་ཤིང་ཏོག་རེ་དང་ཟ་སྣུམ་སྐྱོགས་དོ། དེ་མིན་སྔོ་ཚལ་སྡེར་མ་གསུམ། འབྲས་ཕོར་པ་བཞི། སྤྲི་དཀར་རིགས་ལྔ(སྒོ་ང་། འོ་མ། ཉ་ཤ། སྲན་ཞོ། ཏོའུ་ཧྥུ) བཏུང་བྱ(ཐང) ཕོར་པ་དྲུག་བཅས་དགོས། བཟའ་བཏུང་ལ་ཞག་ཚི་ཆུང་ཞིང་ཚྭ་ཉུང་ན་ལེགས།
      

    ཕྱོགས་བསྡུས་གསར་འགྱུར།