མི་དམངས་དྲ་བ།

༄༅།།རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་སློབ་མའི་སྒྱུ་རྩལ་འགྲེམས་སྟོན་བྱེད་སྒོ་ཆིང་ཏའོ་རུ་གཉེར་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་08ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་11ཉིན་ནས་ཚེས་16ཉིན་བར་ཆིང་ཏའོ་རུ་རྒྱལ་ཡོངས་ཀྱི་སྐབས་ལྔ་པའི་སློབ་གྲྭ་འབྲིང་ཆུང་གི་སྒྱུ་རྩལ་འགྲེམས་སྟོན་བྱེད་སྒོ་གཉེར་རྒྱུ་ཡིན་པ་དང་། རྒྱལ་ཡོངས་ཀྱི་སློབ་གྲྭ་633དང་སློབ་གྲྭ་འབྲིང་ཆུང་གི་སློབ་མ་7000ཙམ་བྱེད་སྒོ་དེར་ཞུགས་རྒྱུ་དང་འབྲེལ། བྱེད་སྒོའི་ནང་སྒྱུ་རྩལ་འཁྲབ་སྟོན་ཐེངས་དགུ་བྱ་རྒྱུ་དང་། སློབ་མའི་ལག་ལེན་བྱེད་སྒོའི་འགྲེམས་སྟོན་40བྱ་རྒྱུ། སློབ་མའི་སྒྱུ་རྩལ་བརྩམས་ཆོས་298འགྲེམས་སྟོན་བྱ་རྒྱུ། སློབ་གྲྭ་འབྲིང་ཆུང་གི་སྒྱུ་རྩལ་སློབ་གསོའི་ཚན་ཞིབ་དཔྱད་རྩོམ་སྙན་ཞུའི་ཚོགས་འདུ་འཚོག་རྒྱུ་བཅས་རེད། སྐབས་འདིའི་འགྲེམས་སྟོན་བྱེད་སྒོའི་ནང་ཐེངས་དང་པོར་ད་དུང་ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སློབ་མ་གདན་ཞུ་དང་འབྲེལ། རྒྱལ་ཡོངས་ཀྱི་གྲོང་གསེབ་སློབ་མའི་སྒྱུ་རྩལ་ལག་ལེན་ལས་དོན་ཐོག་མ་དེ་སྤེལ་རྒྱུ་ཡིན་པ་རེད།
          ད་ཕན་ལོ་ཤས་རིང་སློབ་གསོ་པུས་གྲོང་གསེབ་སྒྱུ་རྩལ་སློབ་གསོའི་ཚོད་ལྟའི་རྫོང་གི་རྣམ་གྲངས་ལ་སྐུལ་འདེད་བཏང་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31ལ་གྲོང་གསེབ་སློབ་གྲྭའི་སྒྱུ་རྩལ་སློབ་གསོའི་ཚོད་ལྟའི་རྫོང་126བཙུགས་པར་བརྟེན་གྲོང་གསེབ་ལེགས་སུ་གཏོང་བ་དང་གྲོང་གསེབ་ཀྱི་སྒྱུ་རྩལ་སློབ་གསོ་ལེགས་སུ་གཏོང་རྒྱུར་དཔེ་སྟོན་གྱི་ནུས་པ་ཐོན་ཡོད།
          མིག་སྔར་གྲོང་གསེབ་ཏུ་སྒྱུ་རྩལ་དགེ་རྒན་དཀོན་པ་དེ་གནད་དོན་གཙོ་བོ་ཞིག་ཡིན། སློབ་གསོ་པུའི་ལུས་རྩལ་འཕྲོད་བསྟེན་དང་སྒྱུ་རྩལ་སློབ་གསོ་སིའི་སི་ཀྲང་ཝང་ཏེང་ཧྥང་གིས་ཤང་གྲོང་ཡན་གྱི་ལྟེ་བའི་སློབ་གྲྭ་རེར་ཆ་སྙོམས་སྒྱུ་རྩལ་དགེ་རྒན་0.6དྲུག་ལས་མེད། གྲངས་ཀ་དེ་སྒྱུ་རྩལ་སློབ་ཚན་གྱིས་སློབ་ཚན་ཧྲིལ་པོའི་11%བཟུང་དགོས་པའི་བླང་བྱ་ལས་དམའ་བ་ཡོད། ད་ཕན་ལོ་ཤས་ནང་སློབ་གྲྭ་འབྲིང་ཆུང་གི་གྲངས་འབོར་འཕར་མེད་ཀྱང་། སྒྱུ་རྩལ་དགེ་རྒན་གྱི་གྲངས་འབོར་འཕར་ཚད་ཆ་སྙོམས་ལོ་ལྟར་5.3%ཟིན་ཞིང་། འོན་ཀྱང་མྱུར་ཚད་དེས་སྒྱུ་རྩལ་སློབ་ཚན་གྱི་སྤྱིའི་དམིགས་ཚད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད་ཅེས་ངོ་སྤྲོད་བྱས་ཤིང་། གནད་དོན་དེ་ཐག་གཅོད་བྱེད་པའི་ཐད་ཝང་ཏེང་ཧྥང་གིས་གཅིག་ནས་དམིགས་བསལ་ལས་གནས་ཀྱི་དགེ་རྒན་འཆར་གཞིར་མུ་མཐུད་སྐུལ་འདེད་གཏོང་བ་དང་འབྲེལ་གཙོ་བོ་རོལ་མོ་དང་། ལུས་རྩལ། རི་མོ་བཅས་ཀྱི་དགེ་རྒན་ལ་ཕྱོགས་དགོས་པ་དང་། གཉིས་ནས་སྤྱི་ཚོགས་ཀྱི་ཐོན་ཁུངས་སྤྱི་འདོམས་བྱས་ཏེ་ཕྱོགས་གཅིག་ནས་ས་གནས་དེ་རང་གི་སྒྱུ་རྩལ་ལ་བྱང་པའི་མི་སྣ་ཤེས་རྟོགས་ཐུབ་པ་བྱས་ཏེ་ལས་དོན་ཁང་འཛུགས་པ་དང་སྒྱུ་རྩལ་སློབ་ཚན་སློབ་ཁྲིད་བྱེད་དགོས་པ་དང་། གཅིག་ཤོས་ནས་གྲོང་ཁྱེར་གྱི་རིག་རྩལ་ཚོགས་པ་དང་རིག་རྩལ་ལས་དོན་པས་གྲོང་གསེབ་ཀྱི་སློབ་གྲྭ་དང་ཆ་འགྲིག་བྱ་རྒྱུར་སྐུལ་ལྕག་བྱས་ཏེ་རིག་རྩལ་བྱེད་སྒོ་སྒྲིག་འཛུགས་དང་སློབ་ཕྱིའི་ཟུར་འཁྲིད་བྱས་ཏེ་གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཐུས་ཚང་དུ་གཏོང་དགོས་པ། གསུམ་ནི་དྲ་བ་གང་ལེགས་སྤྱད་དེ་ས་ཁུལ་ཡོད་དོ་ཅོག་གི་ཕྲུ་གུ་ཚོས་སྒྱུ་རྩལ་སློབ་ཁྲིད་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པ་བཅས་ཀྱི་ངོས་འཛིན་བྱས་པ་རེད།