འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པས་ཀྲུང་གོས་ཉིང་རྡུལ་བདེ་འཇགས་ཀྱི་རིག་
    གནས་ཁྱབ་གདལ་གཏོང་བའི་ཐད་འགྱུར་མེད་ཁས་ལེན་བྱས་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་08ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་5ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དམག་མི་ཉུང་འཕྲིའི་ལས་དོན་གྱི་མཐོ་རིམ་འཐུས་མི་ཅིན་ཡོན་ཀྲུའུ་ཡིས་ཀྲུང་གོས་ཉིང་རྡུལ་བདེ་འཇགས་རིག་གནས་ཁྱབ་གདལ་གཏོང་བའི་ཐད་འགྱུར་མེད་ཁས་ལེན་བྱས་པ་དང་རྒྱལ་ནང་དུ་ཉིང་རྡུལ་བདེ་འཇགས་འདུ་ཤེས་ཁྱབ་གདལ་བཏང་བ་དང་ཉིང་རྡུལ་བདེ་འཇགས་བྱེད་ཐབས་དོན་འཁྱོལ་བྱས་པ་མ་ཟད། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་ཉིང་རྡུལ་བདེ་འཇགས་རིག་གནས་ཁྱབ་གདལ་གཏོང་བའི་ཐད་ལེགས་སྐྱེས་ཕུལ་ཡོད་ཅེས་བཤད་པ་རེད།
         སྐབས་བཞི་པའི་ཉིང་རྡུལ་བདེ་འཇགས་དབུ་ཚོགས་ཐོག་ཞུགས་པའི་ཅིན་ཡོན་ཀྲུའུ་ཡིས་དེ་ཉིན་ཉིའུ་གཡོད་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་ཤིན་ཧྭ་གསར་འགྱུར་ཁང་དང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མཉམ་འབྲེལ་བཅར་འདྲི་དང་ལེན་ཞུས་ཤིང་། ཁོང་གིས་ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན་ལ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞི་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ལེགས་སྐྱེས་འབུལ་མཁན་གཙོ་བོའང་ཡིན། ཉིང་རྡུལ་བདེ་འཇགས་དབུ་ཚོགས་ཀྱི་འཕེལ་རིམ་ཧྲིལ་པོའི་ཁྲོད་ཀྲུང་གོས་ལེཌ་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་བཤད་པ་རེད།
         གཞན་ཡང་ཀྲུང་གོས་ད་དུང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞི་དང་མཉམ་དུ་བགྲོ་གླེང་ཚོགས་འདུ་འཚོགས་ནས་དགོས་མཁོ་ཡོད་པའི་རྒྱལ་ཁབ་ལ་འབྲེལ་ཡོད་གསོ་སྦྱོང་བྱས་ཡོད། དེའི་ཐད་ང་ཚོས་བསྔགས་བརྗོད་བྱེད་ཀྱི་ཡོད་ཅེས་ཁོང་གིས་བཤད་པ་རེད།
         ཅིན་ཡོན་ཀྲུའུ་ཡིས་ཉིང་རྡུལ་བདེ་འཇགས་དབུ་ཚོགས་ལས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཀྱི་ཉིང་རྡུལ་བདེ་འཇགས་དང་དེ་བཞིན་ཉིང་རྡུལ་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་དང་དོགས་ཟོན་བྱེད་པའི་ཐད་ཀྱི་འདུ་ཤེས་ཟབ་ཏུ་སོང་ཡོད། གལ་ཏེ་གཞི་ཁྱོན་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆའི་རྒྱུ་ཆ་ཁྲིམས་འགལ་བའི་ལག་ཏུ་ཐེབས་ཚེ་རྒྱལ་ཁབ་གཅིག་ཁོ་ན་མིན་པར་འཛམ་གླིང་ཐོག་གི་རྒྱལ་ཁབ་མང་པོར་དེའི་འཇིགས་སྐུལ་ཕོག་རྒྱུ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།