འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་མཐོ་རིམ་རིག་མཛོད་ཀྱི་རིགས་གཅིག་མཁས་ཅན་གཙོ་བོས“ལོ་ལྔ་ཚན་བཅུ་གསུམ་
    པར”ཐབས་དང་ཇུས་བཏོན་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་13ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “འདི་ལོ་ནི‘ལོ་ལྔ་ཚན་བཅུ་གསུམ་པའི’འགོ་ཚུགས་ལོ་ཞིག་ཡིན་པས་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་རྒྱུན་འཁྱོངས་བྱ་རྒྱུ་ནི་ཧ་ཅང་ལས་སླ་པོ་ཞིག་མ་རེད། དེར་བརྟེན་ངེས་པར་དུ་དཔལ་འབྱོར་གློ་བུར་དུ་ཆག་པའི་གནས་ཚུལ་མི་ཐོན་པ་བྱེད་པ་དང་ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་གཅོག་པའི་སྔོན་ཇུས་སྔོན་ནས་ཡག་པོ་བཟོས་ཏེ་དཀའ་ངལ་ལ་ཚོད་དཔག་འདང་ངེས་བྱེད་དགོས། སྒྱུར་བཅོས་ལ་གདེང་ཚོད་ཡོད་པ་བྱས་ནས་སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱས་ཏེ་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས”ཞེས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་ཡོན་ཀྲང་ཨུ་ཡོན་ཀྲུའུ་ཀྲི་ཤིན་གྱིས་གསུང་གི་འདུག
         ཉིན་ཤས་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་འཁུར་མཁན་རྒྱལ་ཁབ་མཐོ་རིམ་རིག་མཛོད་ཀྱི་རིགས་གཅིག་མཁས་ཅན་གཙོ་བོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་འཆར་ཟིན་སོགས་ལ་གྲོས་ཞིབ་བྱ་རྒྱུར་དམིགས་ནས་བསམ་འཆར་བཏོན་པ་དང་ཐབས་དང་ཇུས་བཏོན་གནང་བ་རེད།
         ཁྲོམ་ར་དང་སྲིད་གཞུང་གིས་ནུས་ཤུགས་མཉམ་འདོན་བྱེད་དགོས།
         འདི་ལོའི་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》ནང་ཐོན་ནུས་གཅོག་རྒྱུ་ནི་2016ལོའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་གཙོ་གནད་ལས་དོན་གྱི་གྲས་ཤིག་རེད་ཅེས་བཏོན་ཡོད། དེའི་ཐད་པེ་ཅིང་སློབ་ཆེན་རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་ཁང་གི་མཚན་འཛིན་ཡོན་ཀྲང་ཨུ་ཡོན་ལི་དབྱིང་ཕུའུ་ཡིས་ནུས་ལྡན་གྱི་ཁྲོམ་ར་དང་ནུས་ལྡན་གྱི་སྲིད་གཞུང་གིས་ནུས་ཤུགས་མཉམ་འདོན་གྱིས“ཞན་དོར་ལེགས་འཇོག”ལ་བརྟེན་ནས་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་ཐོན་ནུས་གཅོག་ཐུབ་པ་དགོས་པའི་ངོས་འཛིན་གནང་གི་འདུག
         “ངར་ལྕགས་དང་། རྡོ་སོལ། མདོག་ལྡན་ལྕགས་རིགས། ཨར་འདམ་སོགས་ལས་རིགས་ཀྱི་ཐོན་ནུས་ལྷག་འཕྲོ་ཚབས་ཆེན་ཡོད་པར་དུས་མཚམས་རང་བཞིན་གྱི་རྒྱུ་རྐྱེན་གནས་ཡོད་ལ་གྲུབ་ཆའི་རང་བཞིན་གྱི་རྒྱུ་རྐྱེན་ཡང་གནས་ཡོད”ཅེས་ལི་དབྱིང་ཕུའུ་ཡིས་དབྱེ་ཞིབ་གནང་ནས་གསུངས་པ་དང་། ཁོང་གིས་ཨ་རི་དང་། ཡོ་རོབ། རི་པིན་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་དཔལ་འབྱོར་སྔར་བཞིན་སླར་གསོ་ཐུབ་མེད་པས་ཕྱི་ཕྱོགས་ཀྱི་དགོས་མཁོ་ཞན་སྟབས་རང་རྒྱལ་གྱི་ཕྱིར་གཏོང་འཕར་ཚད་མྱུར་དུ་ཆག་པ་དང་ཕྱིར་གཏོང་འབྲེལ་ཡོད་ཐོན་ལས་སྡེ་ཚན་གྱི་མ་འཇོག་ཧུར་བརྩོན་རང་བཞིན་ཡང་ཆག་ཡོད། དེ་དང་ཆབས་ཅིག་རང་རྒྱལ་གྱིས་ཉེན་ཁའི་ཐོག་མའི་དུས་མཚམས་སུ་སྤྱད་པའི་དུས་མཚམས་ཀྱི་རྒྱ་སྐྱེད་རང་བཞིན་ལ་མི་ཡོང་བ་བྱེད་པའི་རྣམ་གྲངས་འཛུགས་སྐྲུན་ལས་གྲྭ་མཇུག་འགྲིལ་བས་རྨང་གཞིའི་སྒྲིག་བཀོད་དང་ས་ཁང་བདག་ཁོངས་ཀྱི་མ་འཇོག་མྱུར་དུ་ཆག་ཡོད། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་རྒྱུ་རྐྱེན་གྱིས་རྐྱེན་པས་རང་རྒྱལ་གྱི་ཁྲོམ་རའི“ཞན་དོར་ལེགས་འཇོག”གི་ནུས་པ་འདོན་སྤེལ་ཐུབ་དཀའ་བས་ལས་ཆོད་ཆུང་བའི་ཁེ་ལས་ཕྱིར་དོན་རྒྱུར་དཀའ་ངལ་འཕྲད་སྟབས་གྲུབ་ཆའི་རང་བཞིན་གྱི་ཐོན་ནུས་ལྷག་འཕྲོའི་གནས་ཚུལ་ཐོན་ཡོད་ཅེས་གསུང་གི་འདུག
         ལི་དབྱིང་ཕུའུ་ཡིས་ཐོན་ནུས་གཅོག་སྐབས“ཞན་དོར་ལེགས་འཇོག”གིས་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བར་ཁེ་ལས་ཀྱི་སྲིད་ཇུས་རང་བཞིན་གྱི་ཁུར་པོ་ཡང་དུ་བཏང་ནས་འཕེལ་མེད་ཁེ་ལས་ལ་སྲིད་ཇུས་རང་བཞིན་གྱི་ཁ་གསབ་བྱེད་པའི་རྒྱུ་མཚན་མེད་པ་བཟོས་ནས་ཁོར་ཡུག་སྲུང་སྐྱོང་དང་། སྤུས་ཚད། བདེ་འཇགས་སོགས་ཀྱི་ཁྲིམས་འཛིན་དུས་ཐོག་ཏུ་ནན་དུ་བཏང་ནས་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་ཅིག་ཆགས་པ་བྱེད་དགོས། དེ་དང་དུས་མཚུངས་ཁེ་བཟང་མཐོ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་བརྒྱུད་ཁེ་ལས་ཕྱིར་བསྐྱོད་རྒྱུར་ཁྲིད་སྟོན་གྱིས་རྒྱལ་ཁབ་ཕྱི་ནང་གི་དགོས་མཁོ་ཆེ་རུ་གཏོང་དགོས་པའི་གྲོས་འགོ་འདོན་གནང་གི་འདུག
         སྒོ་དབྱེར་བརྟེན་ནས་སྲིད་འཛིན་སྒྱུར་བཅོས་ལ་ལྡོག་སྐུལ་བྱེད་དགོས།
         2015ལོར་རང་རྒྱལ་གྱིས་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཉམས་མྱོང་ཁྱབ་སྤེལ་བཏང་བའི་རྨང་གཞིའི་ཐོག་ཀོང་ཏུང་དང་། ཐེན་ཅིན། ཕུའུ་ཅན་བཅས་ཀྱི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གསར་དུ་བཙུགས་ཏེ་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཡོད། ཧྲང་ཧའེ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་འཐུས་མི་ཝང་ཀྲེན་གྱིས་རང་མོས་ཉོ་ཚོང་ཁུལ་གྱིས་ཕྱོགས་གཅིག་ནས་རྒྱལ་སྤྱིའི་ཐོག་ཡོངས་ཁྱབ་ཏུ་ལག་ལེན་བསྟར་བའི་སྒྲིག་སྲོལ་དང་སྦྲེལ་མཐུད་ཐུབ་པ་བྱས་ནས་ང་ཚོའི་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ཕྱོགས་གཞན་ཞིག་ནས་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་ལ་ལྡོག་སྐུལ་དང་ལྷག་དོན་དུ་སྲིད་འཛིན་སྒྲིག་གཞི་སྒྱུར་བཅོས་ལ་ལྡོག་སྐུལ་བྱེད་དགོས། ཉོ་ཚོང་སྟབས་བདེ་་དང་མ་འཇོག་སྟབས་བདེ་ཡོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་ལྟ་སྐུལ་དོ་དམ་ལམ་སྲོལ་གསར་པ་གཏོད་དགོས་པའི་ངོས་འཛིན་གནང་གི་འདུག
         “ཧྲང་ཧའེ་ཡིས་རང་མོས་ཉོ་ཚོང་ཁུལ་དུ་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པའི་ཉམས་མྱོང་དེ‘རྒྱུད་གཅིག་ལམ་གཅིག’གི་འཛུགས་སྐྲུན་སོགས་རྒྱལ་ཁབ་འཐབ་ཇུས་ཁྲོད་སྔར་ལས་ལྷག་པའི་ངང་སྤྱོད་ཆོག་གི་ཡོད། ང་ཚོས་ད་ལྟ་རྒྱལ་ཁབ་ཀྱི་གློག་རྡུལ་འགག་སྒྲོལ་གཉེར་སྒྲུབ་ལས་སྟེགས་མང་པོ་དང་མཉམ་འབྲེལ་ཐོག་འབྲི་ཆུ་རྒྱུག་ཁུལ་གློག་རྡུལ་འགག་སྒྲོལ་གྱི་རྐྱང་པའི་སྐར་ཁུང་གཏོད་བཞིན་ཡོད་པ་དང་འཕེལ་རིམ་ཡང་ཧ་ཅང་མགྱོགས་པོ་ཡོད། དོན་དམ་དུ་དེས་འབྲི་ཆུའི་དཔལ་འབྱོར་ཁུལ་ཙམ་མ་ཟད་ཐ་ན་‘རྒྱུད་གཅིག་ལམ་གཅིག’གི་འཛུགས་སྐྲུན་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན་གྱི་ཡོད”ཅེས་ཝང་ཀྲེན་གྱིས་གསུངས་པ་དང་། ཁོང་གིས་སྒྱུར་བཅོས་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱས་པ་དེས་ཧྲང་ཧའེ་ལ་སྐུལ་འདེད་ཧ་ཅང་ཆེན་པོ་ཐེབས་ཡོད། སྙིང་རུས་གསར་གཏོད་ཀྱི་བློ་སྟོབས་དང་། མི་གཞན་གྱི་སྔོན་ལ་སྒྲུབ་ཕོད་པའི་ངར་ཤུགས། ཡར་ངོའི་ཟླ་ལྟར་ཡར་རྒྱས་ཀྱི་ངར་ཉམས་བཅས་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུང་གི་འདུག
         “ལྕགས་གཟེར་རྒྱག་པའི་སྙིང་སྟོབས་ཐོག་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས”ཞེས་ཝང་ཀྲེན་གྱིས་གསུངས་པ་དང་ཁོང་གིས་ད་ཆ་ས་གནས་མང་པོ་ཞིག་ཏུ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་ཞེས་བརྗོད་མ་ཐག་བཀོད་སྒྲིག་བྱེད་རྒྱ་ཆེན་པོའི་ཐོག་ནས་རྣམ་གྲངས་ཆེ་རིགས་ལ་དམ་འཛིན་བྱ་རྒྱུར་དགའ་པོ་ཡོད། ཡིན་ནའང་ལྕགས་གཟེར་རྒྱག་པའི་དམིགས་ཁྱོན་ངེས་པར་དུ་ཆུང་ངུ་་ཡོང་བ་བྱེད་དགོས། དེ་ལྟར་བྱས་ཚེ་ལས་དོན་གཏིང་ཟབ་སྤེལ་ཐུབ། གནས་གཅིག་གི་ཐོག་དོ་ཁུར་མ་ཐུབ་ཚེ་ལྕགས་གཟེར་དེར་ངར་ཤུགས་ཆེན་པོ་ཐོན་གྱི་མེད་ཅེས་གསུང་གི་འདུག
         མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས།
         “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་ནང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཙོ་རྐང་དུ་བྱས་ནས་ནུས་ལྡན་མཁོ་སྤྲོད་བྱེད་ཁྱོན་ཆེ་རུ་དང་ནུས་ལྡན་མཁོ་སྤྲོད་འདང་ངེས་ཐུབ་པ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་སྒྲིག་གཞི་ལམ་སྲོལ་དང་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་ཆགས་རྒྱུར་སྣེ་ཁྲིད་བྱེད་དགོས། རྒྱལ་ཁབ་དངུལ་རྩ་དང་འཕེལ་རྒྱས་ཚོད་ལྟ་ཁང་གི་ལས་འཛིན་པ་འཐུས་མི་ལི་དབྱང་གིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་པའི་ངོས་འཛིན་གནང་གི་འདུག
         “མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་དོན་གནད་ནི་དངོས་ཚན་དཔལ་འབྱོར་གྱི་རིམ་པ་དང་ཐོན་སྐྱེད་ཀྱི་མཐའ་སྣེ་ནས་འགོ་བརྩམས་ཏེ་ཁེ་ལས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་གནས་བབ་གཙོ་བོར་ཤུགས་སྣོན་རྒྱག་པ་དང་། ཁེ་ལས་ཀྱི་ཧུར་བརྩོན་རང་བཞིན་དང་རང་བརྟེན་རང་བཞིན་འཕེལ་རྒྱུར་གཞོལ་བ། སྤྱི་ཡོངས་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བ་བྱེད་དགོས”ཞེས་ལི་དབྱང་གིས་གསུངས་པ་དང་། ཁོང་གིས་སྲིད་གཞུང་གི་ངོས་ནས་བརྗོད་ཚེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་འགག་རྩ་ནི་སེམས་ཐག་གཙང་བཅད་ཀྱིས་དོ་དམ་ལྷུག་གཏོང་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། རིགས་ཁག་གི་སྲིད་ཇུས་མཐུན་སྦྱོར་བཅས་ཐུབ་པ་བྱས་ནས་ནུས་ལྡན་གྱི་ཐོན་ལས་སྲིད་ཇུས་བཟོ་བ་དང་འབྲེལ་ལག་ལེན་བསྟར་ཏེ་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་དམའ་རུ་གཏོང་རྒྱུར་གཞོལ་ཐོག་མཁོ་སྤྲོད་མ་ལག་གི་སྤུས་ཚད་མཐོ་རུ་དང་ལས་ཆོད་ཆེ་རུ་གཏོང་བ་དང་། ནུས་ལྡན་གྱི་ལམ་ལུགས་ཁོར་ཡུག་གཏོད་དགོས་ཞེས་གསུང་གི་འདུག
         ལི་དབྱང་གིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་འགག་རྩ་ནི་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་བརྒྱུད་རིམ་ཁྲོད་ཁྲོམ་རས་གཏན་འཁེལ་རང་བཞིན་གྱི་ནུས་པ་འདོན་སྤེལ་དངོས་འབྲེལ་བྱེད་དགོས། ཁྲོམ་རའི་ལམ་སྲོལ་ལ་བརྟེན་ནས་རྗེས་ལུས་ཀྱི་ཐོན་ནུས་གཏན་འཁེལ་བྱེད་པ་དང་སྦྲགས་མེད་པ་བཟོས་ནས་ཕན་མེད་ཁེ་ལས་བཅོས་སྒྲིག་བྱེད་དགོས་པ་དང་། ཁྲོམ་རའི་འགྲན་རྩོད་ལ་བརྟེན་ནས་ཆ་འཕྲིན་གྱི་མ་གནས་དང་། ཐོན་སྐྱེད་ཀྱི་མ་གནས། ཉོ་ཚོང་གི་མ་གནས་བཅས་དམའ་རུ་བཏང་ནས་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་གཏོང་དགོས་པ། ཁྲོམ་རར་བརྟེན་ནས་གསར་དར་ཁྱབ་ཁོངས་དང་གསར་གཏོད་ཁྱབ་ཁོངས་གདམ་ག་དང་སྦྲགས་གཏན་འཁེལ་བྱས་ནས་དཔལ་འབྱོར་གྱི་འཕར་གཞི་གསར་པ་དང་གསར་དར་ཐོན་ལས་གསར་གཏོད་བྱེད་དགོས་པའི་ངོས་འཛིན་གནང་གི་འདུག
      

    ཕྱོགས་བསྡུས་གསར་འགྱུར།