འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་མར་རྒྱན་སྒྱུ་རྩལ་ཁང་ཐོག་མ་དེ་བོད་ལྗོངས་སུ་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་11ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།རྒྱལ་ཡོངས་ཀྱི་མར་རྒྱན་སྒྱུ་རྩལ་ཁང་ཐོག་མ་དེ་བོད་ལྗོངས་སུ་སྐྲུན་འགོ་ཚུགས་པ།
         ཟླ་3ཚེས་8ཉིན། གསར་འགོད་པས་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ཁུལ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མར་རྒྱན་གྱི་སྒྱུ་རྩལ་འགྲེམ་སྟོན་དང་རྒྱུན་འཛིན་བརྗོད་བྱ་བྱས་པའི་རྒྱལ་ཡོངས་ཀྱི་མར་རྒྱན་སྒྱུ་རྩལ་ཁང་ཐོག་མ་དེ་མིག་སྔར་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། འདི་ལོའི་རྒྱལ་སྟོན་དུས་ཆེན་གྱི་སྐབས་ནས་བཟུང་གཉེར་འགོ་རྩོམ་རྒྱུ་ཡིན་པ་རེད།
         མར་རྒྱན་ནི་བོད་རིགས་མི་དམངས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ནོར་བུ་ཞིག་ཡིན་ལ། དེའི་མཚོན་མདངས་རྣམ་པར་བཀྲ་ཞིང་གསོན་ཉམས་ལྡན་པ། སྒྱུ་རྩལ་གྱི་ཆུ་ཚད་མཐོ་ལ་ཁྱད་འཕགས་ཀྱི་སྒྱུ་རྩལ་འགུགས་ནུས་ལྡན་པ་སོགས་ཀྱི་དབང་གིས་མཚན་སྙན་འཛམ་གླིང་དུ་ཁྱབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།