འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོན་ཀུའེ་རེན་གྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་ཡོངས་སུ“གྲོང་གསེབ་ཀྱི་དགེ་རྒན་ལ་རྒྱབ་སྐྱོར་
    བྱེད་པའི་འཆར་གཞི”སྤེལ་འགོ་ཚུགས་ཡོད་ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་13ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གྲོང་གསེབ་ནས་ཡོང་བའི་སློབ་གསོ་པུའི་པུའུ་ཀྲང་ཡོན་ཀུའེ་རེན་གྱིས་ཚེས10ཉིན“གྲོང་གསེབ་ཀྱི་དགེ་རྒན་བྱེད་པར་བསྐྱོད་འདོད་ཡོད་དམ”ཞེས་པའི་གསར་འགོད་པའི་དྲི་བར་ལན་བསྐྱོན་སྐབས་དེ་སྔོན་ཁོང་གིས་སློབ་འབྲིང་དགེ་རྒན་གྱི་ཐོབ་ཐང་གི་ཐོག་ནས་པེ་ཅིང་དགེ་འོས་སློབ་ཆེན་དུ་མིང་ཐོ་བཀོད་པ་དང་སློབ་གྲྭ་ཐོན་རྗེས་མུ་མཐུད་གྲོང་གསེབ་ཀྱི་སློབ་འབྲིང་དུ་དགེ་རྒན་བྱ་རྒྱུའི་གྲ་སྒྲིག་ཨང་བསར་བྱས་པ་ཡིན་ཞེས་གསུངས།
         ཉིན་དེའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ཡོན་ཀུའེ་རེན་གྱིས་མ་གཞི་བྱས་ན་མཐར་རང་ཉིད་སློབ་གསོ་པུའུ་རུ་ལས་ཀ་བྱས་མོད། འོན་ཀྱང་ངས་གྲོང་གསེབ་ཀྱི་སློབ་གསོར་རྟག་ཏུ་དོ་ཁུར་བྱས་ནས་ཀྲུང་གོའི་གྲོང་གསེབ་ཀྱི་སློབ་གསོ་དང་ལྷག་པར་དུ་ཀྲུང་གོའི་གྲོང་གསེབ་ཀྱི་དགེ་རྒན་ལ་ནུས་ཤུཌ་ཡོད་རྒུས་ཞན་ཆ་གསབ་འདོད་ཡོད་ཅེས་གསུངས་པ་རེད།
         ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་སྤྱད་ནས་གྲོང་གསེབ་ཀྱི་སློབ་གསོ་ལེགས་སུ་བཏང་བ་དཔེར་ན། དགེ་འོས་སློབ་མར་སློབ་ཡོན་མི་བསྡུ་བ་དང་། དམིགས་བསལ་ལས་གནས་ཀྱི་འཆར་གཞི། རྒྱལ་ཁབ་རིམ་པའི་གསོ་སྐྱོང་གི་འཆར་གཞི་སོགས་རེད། ཡིན་ནའང་ཡོན་ཀུའེ་རེན་གྱི་ངོས་ནས་བལྟས་ན་དེང་སྐབས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་དབར་སྔར་བཞིན་ཧེ་བག་ཡོད། གྲོང་གསེབ་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པར་འགག་རྩ་ནི་གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་ཡག་པོ་འཛུགས་སྐྱོང་བྱེད་དགོས་པ་དང་དེས་ན་དགེ་རྒན་དཔུང་ཁག་ཡག་པོ་འཛུགས་རྒྱུའི་རྩ་བ་ནི་དགེ་རྒན་གྲོང་གསེབ་ཏུ་སྐྱོད་ཐུབ་པ་དང་། སྡོད་ཐུབ་པ། ཡག་པོ་སློབ་ཐུབ་པ་བཅས་ཡིན་པས་དེ་གྲོང་གསེབ་དགེ་རྒན་མང་དུ་གཏོང་བ་དང་། གྲོང་གསེབ་དགེ་རྒན་གྱི་ཐོབ་ཐང་། གྲོང་གསེབ་དགེ་རྒན་གྱི་ཆུ་ཚད་སོགས་གནད་དོན་མང་པོ་དང་འབྲེལ་བ་ཡོད་པའི་ངོས་འཛིན་གནང་གི་ཡོད་པ་རེད།
         ཡོན་ཀུའེ་རེན་གྱིས་ན་ནིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《གྲོང་གསེབ་དགེ་རྒན་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་》པར་འགྲེམས་བྱས་ནས་གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ཡག་པོ་བྱེད་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་དེང་སྐབས་ཕྱོགས་མང་པོའི་ཐད་ནས་འཆར་གཞི་འདི་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།