འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རྒྱལ་ཁབ་རིམ་པའི་ཁུལ་གསར་17བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་13ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་10ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་ཁུལ་གསར་གྲངས་འབོར་17ཟིན་པ་དང་དེའི་ནང་ཤར་ཁུལ་དུ་7དང་། དབུས་ཁུལ་དུ་1 ནུབ་ཁུལ་དུ་6 བྱང་ཤར་ཁུལ་དུ་3བཅས་ཡོད་པ་རེད།
    རྒྱལ་ཁབ་རིམ་པའི་ཁུལ་གསར་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་བཙུགས་པ་ཞིག་ཡིན་ཞིང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་སྒྱུར་བཅོས་གྱི་ལས་འགན་གལ་ཆེན་ཁུར་བའི་རྒྱལ་ཁབ་རིམ་པའི་ཕྱོགས་བསྡུས་ནུས་ཁུལ་ཞིག་ཡིན་པ་དེས་ཁོངས་གཏོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེར་སྣེ་ཁྲིད། སྒྲིག་གཞི་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་སོགས་ཐད་ནུས་པ་གལ་ཆེན་འདོན་གྱི་ཡོད།
         2015ལོར་ཁུལ་གསར་ཁག་གིས་དཔལ་འབྱོར་ལེགས་ལ་མྱུར་བའི་འཕེལ་ཚུལ་བཟང་པོ་རྒྱུན་འཁྱོངས་བྱས་པ་དེ་ཁོངས་གཏོགས་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་དང་ཁྲིད་སྟོན་གྱི་སྒུལ་ཤུགས་གསར་པར་གྱུར་ཡོད། འཕེལ་སྒྱུར་ཨུ་ལྷན་གྱིས་དང་ཐོག་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུ་དེ་གྲངས་གནས་མཐོ་པོ་རྒྱུན་འཁྱོངས་བྱས་པའི་ནང་ཀན་སུའུ་ལན་ཀྲོའུ་ཁུལ་གསར་དུ་དུས་མཚུངས་ལས་30%འཕར་ནས་འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་8.1%ལས་མཐོ་བ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།