འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་འཐུས་མིས“ང་ཚོས་རྒྱལ་ཡོངས་མི་དམངས་ཀྱི་རྐང་པ་གཏན་ནས་འཐེན་
    མི་སྲིད”ཅེས་གསུངས་པ།

    —— བོད་ཀྱི་འཐུས་མིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་འཁྲུག་པོ་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་08ཉིན། 08:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཀྱི་འཐུས་མིས“ང་ཚོས་རྒྱལ་ཡོངས་མི་དམངས་ཀྱི་རྐང་པ་གཏན་ནས་འཐེན་
མི་སྲིད”ཅེས་གསུངས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་6ཉིན་བོད་ཀྱི་འཐུས་མི་ཚོགས་པས་བཞུགས་གནས་སུ་ཚང་འཛོམས་གྲོས་ཚོགས་འཚོགས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད།“ཙུང་ལིས་སྙན་སྒྲོན་ནང‘མི་རིགས་ས་ཁུལ་དང་། མཐའ་མཚམས་ས་ཁུལ། ས་ཁུལ་དབུལ་པོ་བཅས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར’གནང་རྒྱུ་ཡིན་པའི་སྐོར་བརྗོད་པ་དེས། ང་ཚོ་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ལ་སྐུལ་ལྕག་དང་ལྕག་འདེབས་ཆེན་པོ་ཐེབས་བྱུང་ལ། མེ་ཏོག་བ་རྣམས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཐུབ་རྒྱུའི་རེ་བ་ཟབ་མོ་ཚོར་བྱུང་། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐའ་མཚམས་གྲངས་ཉུང་མི་རིགས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུ་དེ་དུས་རྟག་ཏུ་ཐུགས་སུ་བཞག་གནང་ཡོད། ང་ཚོའི་མེ་ཏོག་རྫོང་ནི་དེ་སྔ་རྒྱལ་ཡོངས་ཁྲོད་ནས་གཞུང་ལམ་ཤར་གཏོང་མ་ཐུབ་པའི་རྫོང་འབའ་ཞིག་ཡིན་པས་གྲོང་མི་ཕྱིར་བསྐྱོད་རྒྱུར་དཀའ་ངལ་ཆེན་པོ་ཡོད། ད་ཆ་མེ་ཏོག་ལ་གཞུང་ལམ་ཤར་གཏོང་ཐུབ་པས་ང་ཚོའི་འཚོ་བ་ལའང་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད། ང་ཚོ་མཐའ་མཚམས་གྲངས་ཉུང་མི་རིགས་ཀྱིས་རྒྱལ་ཡོངས་མི་དམངས་ཀྱི་རྐང་པ་གཏན་ནས་འཐེན་མི་སྲིད། གཞི་རིམ་གྱི་དབུལ་སྐྱོར་ལས་དོན་པ་ཞིག་གི་ངོས་ནས་ང་ཚོས་དཀའ་སྤྱད་འབད་འཐབ་དང་། གནད་སྨིན་དབུལ་སྐྱོར། གནད་སྨིན་དབུལ་སྒྲོལ་བཅས་བྱས་ནས་2020ལོར་སླེབས་སྐབས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་རྒྱུ་འགན་ལེན་བྱ་རྒྱུ་ཡིན”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པད་མ་ཆོས་སྒྲོན་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དེ་ལྟར་གསུངས་བྱུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧུང་ཝུའེ་ཡིས་སེམས་འགུལ་དང་བཅས“ཙུང་ལིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་རང་རྒྱལ་གྱིས་ཡུལ་སྐོར་འགྲིམ་འགྲུལ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། རང་འཁོར་སྒར་ས་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་ནས་སྐྱ་རྣམ་རྒྱས་པའི་ཡུལ་སྐོར་དུས་རབས་བསུ་རྒྱུ་ཡིན་པའི་སྐོར་ཐོས་སྐབས་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། བོད་རང་སྐྱོང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡུལ་སྐོར་དེ་གཙོ་ཁྲིད་ཐོན་ལས་ལ་བརྩིས་ནས་སྐྱེད་སྲིང་བྱས་པ་དང་། སླད་ཕྱིན་ཡུལ་སྐོར་ལས་དོན་གྱིས་འཛད་སྤྱོད་ཐད་སྐུལ་འདེད་ཀྱི་ནུས་པ་སྔར་བས་ཆེ་བ་ཐོན་རྒྱུ་དང་། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཡུལ་སྐོར་ལས་རིགས་ལ་མདུན་ལམ་ཆེན་པོ་ལྡན་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་གསུངས་བྱུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་གི་ཡོའན་ཀྲང་གཞོན་པ་ཚེ་དབང་རིག་འཛིན་གྱིས“སྙན་སྒྲོན་ནང་2016ལོར་ནད་ཆེན་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་རྒྱུ་དང་། སྨན་བཅོས་ཐོན་ཁུངས་གཞི་རིམ་དང་གྲོང་གསེབ་ལ་ཕྱོགས་རྒྱུར་སྐུལ་འདེད་གཏོང་རྒྱུ། མི་རིགས་ཀྱི་གསོ་རིག་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་སོགས་ཀྱི་སྐོར་ཐོས་སྐབས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་འཐབ་ཕྱོགས་ཀྱི་འཐུས་མི་ཞིག་ཡིན་པའི་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་པ་མ་ཟད། སླད་ཕྱིན་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་ཡང་ཡིད་ཆེས་ཀྱིས་ཁེངས་སོང”ཞེས་གསུངས་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།