འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་ཆེན་གཉིས་སྐབས་བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་ཟློས་ཐེངས་མང་བའི་
    ཐ་སྙད་དེ་ནི་གང་ཡིན་ནམ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་10ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཚོགས་ཆེན་གཉིས་སྐབས་བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་ཟློས་ཐེངས་མང་བའི་
ཐ་སྙད་དེ་ནི་གང་ཡིན་ནམ།
         མི་དམངས་དྲ་བའི་འཕྲིན། ཉིན་འདི་ཚོར། ཚང་མས་ཟློས་ཐེངས་མང་བའི་ཐ་སྙད་དེ་ནི་གང་ཡིན་ཞེ་ན། དེ་ནི་ཙུང་ལི་ལི་ཁེ་ཆང་གིས་གནང་བའི"སྲིད་གཞུང་གི་ལས་དོན་སྙན་ཞུ"དེ་ཡིན་པ་རེད། ལྗིད་ཏིག་གེ་བའི་སྙན་ཞུ་འདི་ནི་འདས་སོང་གི་ལོ་དེའི་གྲུབ་འབྲས་རེའུ་མིག་ཅིག་ཡིན་པ་མ་ཟད། འབྱུང་འགྱུར་གྱི་ཕྱོགས་སྟོན་འཁོར་ལོ་ཞིག་ཀྱང་ཡིན་པ་རེད། སྙན་ཞུ་འདི་བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོའི་སྐད་འཕྲིན་བར་ཚོམས་སུ་ཁྱབ་ཡོད་པ་མ་ཟད། བོད་ལྗོངས་ཀྱི་མང་ཚོགས་དཀྱུས་མ་ཚོས་ཀྱང་དོ་སྣང་བྱས་ཡོད་པ་རེད། རྒྱལ་ཡོངས་ཀྱིས་དོ་སྣང་གལ་ཆེན་བྱེད་པའི"ཚོགས་ཆེན་གཉིས"ཀྱི་ནང་། ཁོང་ཚོས་ཅི་ཞིག་བརྗོད་ཡོད་པ་དང་། ཐ་སྙད་གང་ཞིག་ཡང་དང་བསྐྱར་དུ་ཟློས་ཡོད་དམ། འདི་ནས་ངེད་གསར་འགོད་པ་དང་མཉམ་དུ་གཟིགས་རོགས་གནང་།
         གཅིག  འཐུས་མི་ཚོས་གྲོས་ཞིབ་གནང་སྐབས་ཅི་ཞིག་བརྗོད་ཡོད་དམ།
         1.དམངས་ལ་བརྩེ་སེམས་འཆང་བ་གཙོ་བོར་བཟུང་བའི་སྙན་ཞུ་བཟང་བོ་ཞིག
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་ཀྱིས་འདི་ནི་བཅོས་བསྒྱུར་གསར་གཏོད་ཀྱིས་ཁེངས་ཤིང་། དམངས་ལ་བརྩེ་སེམས་འཆང་བ་འབུར་དུ་ཐོན་པ། བདེན་འཚོལ་དོན་གཉེར་གསལ་པོར་མཚོན་པའི་སྙན་ཞུ་བཟང་བོ་ཞིག་རེད་ཅེས་བརྗོད། ཁོང་གིས་རྗེས་ཐོན་གྱི་ལེགས་ཆ་དང་། མི་གྲངས་སྙོམས་ཚད་ཀྱི་ལེགས་ཆ། སྲིད་ཇུས་ཀྱི་ལེགས་ཆ། བཅོས་བསྒྱུར་ཀྱི་མི་མངོན་པའི་ནུས་སྟོབས་ཆེན་པོའི་ལེགས་ཆ་བཅས་གང་ལེགས་འདོན་སྤེལ་དང་། གོ་སྐབས་སྔོན་དུ་འཛིན་པ། རང་འགུལ་ངང་ལག་རྗེས་ཡོད་པར་བྱེད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་ཡག་པོ་རྩོམ་རྒྱུ་ཡིན་ཞེས་ནན་བཤད་གནང་།
        2. བདེན་འཚོལ་དོན་གཉེར་གྱི་སྙན་ཞུ་ཞིག 
         རྒྱལ་དོན་ཨུ་ཡོན་ནམ་སྤྱི་བདེ་པུའུ་ཀྲང་ཀུའོ་ཧྲེང་ཁུན་གྱིས་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་ཞུ་ནི་བདེན་འཚོལ་དོན་གཉེར་དང་འབད་བརྩོན་སྐུལ་འདེད་ཅིག་ཡིན་པ་ང་རང་ལ་མོས་མཐུན་ཆེན་པོ་ཡོད་ཅེས་བརྗོད། ཁོང་གིས་བོད་ལྗོངས་ཀྱི་ལས་དོན་ལེགས་པོ་བསྒྲུབ་པ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་སྐུལ་འདེད་བྱེད་པའི་རྩ་གནད་ནི་ཏང་གི་འགོ་ཁྲིད་དེ་དམ་དུ་གཏོང་རྒྱུ་དེ་རེད། ཏང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཏང་གི་ལམ་ཕྱོགས་བྱེད་ཕྱོགས་ཀྱི་སྲིད་ཇུས་བོད་ལྗོངས་སུ་ཇི་མ་ཇི་བཞིན་དོན་འཁྱོལ་ཡོང་བ་དང་། མི་རིགས་ཁག་གི་མང་ཚོགས་ལ་ཏང་གི་དྲོ་སྐྱིད་ཚོར་ཐུབ་པ་དང་བདེ་སྐྱིད་ཚོར་སེམས་ཆེ་བར་འབད་པ་བྱས་ཏེ་མཐུན་སྒྲིལ་དང་མཛེས་སྡུག ཞི་མཐུན། བདེ་སྐྱིད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མགྱོགས་པོར་བསྐྲུན་པར་བྱེད་དགོས་ཞེས་ནན་བཤད་གནང་།
         3.མི་སེམས་ལ་སྐུལ་མ་གཏོང་བའི་སྙན་ཞུ་ཞིག
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའམ་བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེས་གཏམ་བཤད་གནང་སྐབས་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་ཞུ་ཡིས་ཁྱོན་ཡོངས་ནས་2015ལོའི་སྲིད་གཞུང་ལས་དོན་ལ་ཕྱི་མིག་བལྟས་ནས་ཕྱོགས་བསྡུས་བྱས་ཡོད་ཅིང་། མི་ལ་དཔའ་ངར་སྐྱེ་རུ་འཇུག་པའི་ངང"ལོ་ལྔ་ཚན་བཅུ་གཉིས་པའི"སྐབས་ཀྱི་རང་རྒྱལ་གྱི་འཕེལ་རྒྱས་གྲུབ་འབྲས་མདོར་བསྡུས་བྱས་ཡོད་པ་དང་། དངོས་ཐོག་བདེན་འཚོལ་ངང་དཀའ་ངལ་དང་གནད་དོན་ལ་དབྱེ་ཞིབ་བྱས་ཡོད་པ། "ལོ་ལྔ་ཚན་བཅུ་གསུམ་པའི"སྐབས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་མངོན་འགྱུར་ཡོང་བར་དམིགས་པའི་ལས་འགན་གཙོ་བོ་དང་བྱེད་ཐབས་གལ་ཆེན་ཁ་གསལ་གནང་ཡོད་པ། མ་ལག་འཐུས་ཚང་ངང་2016ལོའི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བཅས་བྱས་ཡོད་པས། མི་སེམས་ལ་སྐུལ་མ་གཏོང་བ་དང་འབད་པ་ལྷོད་མེད་ངང་མདུན་སྐྱོད་བྱེད་པར་སྐུལ་བ་ཞིག་རེད་ཅེས་བརྗོད།
    【1】  【2】  【3】
      

    ཕྱོགས་བསྡུས་གསར་འགྱུར།