འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་ཚོགས་རྩ་འཛུགས་ཀྱི་ཞལ་འདེབས་དངུལ་དང་ལེན་བྱས་ནས“མཐར་ཐུག་འགྲོ་སའི”
    གནད་དོན་ཐག་གཅོད་བྱེད་ཐབས་བཏོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་13ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ནོར་སྲིད་པུའུ་དང་དམངས་སྲིད་པུས་《སྤྱི་ཕན་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཀྱིས་སྤྱི་ཕན་བྱ་གཞག་གི་ཞལ་འདེབས་འཛིན་ཤོག་འདུན་ཞུའི་འབྲེལ་ཡོད་གནད་དོན་སྔར་བས་ཁ་གསལ་བཟོ་རྒྱུའི་སྐོར་གྱི་ནོར་སྲིད་པུའུ་དང་དམངས་སྲིད་པུའི་བརྡ་ཐོ་》ཁྱབ་བསྒྲགས་བྱས་ནས་སྤྱི་ཕན་བྱ་གཞག་གི་ཞལ་འདེབས་འཛིན་ཤོག་འདུན་ཞུའི་སྤྱི་ཕན་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཁྱབ་ཁོངས་དང་འབྲེལ་ཡོད་འཛིན་ཤོག་འདུན་ཞུའི་བརྒྱུད་རིམ་སྔར་བས་ཁ་གསལ་བཟོས་ཡོད། 《བརྡ་ཐོ་》བཀྲམ་པ་དེ་ནི་སྤྱི་ཚོགས་རྩ་འཛུགས་ཁག་ལ་ཕན་པ་ཐོབ་པའི་ཕན་ཡོད་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་ཞལ་འདེབས་དང་ལེན་བྱས་པའི“མཐར་ཐུག་འགྲོ་ས”འབྲེལ་མཐུད་ཐུབ་པ་དེས་སྤྱི་ཕན་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཀྱིས་ཁྲིམས་མཐུན་དང་ལུགས་མཐུན་ངང་སྤྱི་ཕན་དགེ་སྒྲུབ་བྱེད་སྒོ་སྤེལ་རྒྱུར་ཕན་པ་ཡོད་པ་ཞིག་རེད།
         《བརྡ་ཐོའི་》ནང་སྤྱི་ཕན་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཀྱིས་སྤྱི་ཕན་བྱ་གཞག་གི་ཞལ་འདེབས་འཛིན་ཤོག་འདུན་ཞུ་དང་སྤྱོད་པའི་ཐབས་ལམ་སྔར་བས་ཤར་བགྲོད་ཐུབ་ནས་སྤྱི་ཕན་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཀྱིས་《སྤྱི་ཕན་བྱ་གཞག་གི་ཞལ་འདེབས་འཛིན་ཤོག་བེད་སྤྱོད་དང་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་》དང་《བརྡ་ཐོའི་》བླང་བྱར་ནན་པོར་གཞིགས་ནས་ཁྲིམས་མཐུན་དང་ལུགས་མཐུན་ངང་སྤྱི་ཕན་བྱ་གཞག་གི་ཞལ་འདེབས་འཛིན་ཤོག་སྤྱོད་པ་ལས་མ་རྩ་མཉམ་བསྡུ་དང་། བགོ་འགྲེམ། ཡིད་མཐུན་རོགས་སྐྱོར་སོགས་ཀྱི་བྱེད་སྒོའི་ཁྲོད་སྤྱི་ཕན་བྱ་གཞག་གི་ཞལ་འདེབས་འཛིན་ཤོག་སྤྱོད་མི་རུང་བ་དང་། ཞལ་འདེབས་ལ་ཁ་གཡར་ནས་རྒྱུ་ནོར་དང་ལེན་བྱེད་པ་མ་ཟད་མ་དངུལ་གཏོང་མཁན་ལ་ཁེ་ཕན་སྤྲོད་མི་རུང་བ། ཞལ་འདེབས་ལ་ཁ་གཡར་ནས་ཁེ་བཟང་རང་བཞིན་གྱི་བྱེད་སྒོ་སྤེལ་མི་རུང་བ། ཁྲལ་དོན་འཛིན་ཤོག་སྤྱོད་སྐབས་སྤྱི་ཕན་རང་བཞིན་གྱི་བྱ་གཞག་གི་ཞལ་འདེབས་འཛིན་ཤོག་སྤྱོད་མི་རུང་བ་བཅས་རེད། སྤྱི་ཕན་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཀྱིས་རང་འགུལ་ངང་སྤྱི་ཕན་ཞལ་འདེབས་དང་ལེན་བྱེད་པ་དང་སྤྱི་ཕན་བྱ་གཞག་གི་ཞལ་འདེབས་འཛིན་ཤོག་སྤྱོད་པའི་བྱ་སྤྱོད་ཚད་ལྡན་བཟོས་ནས་ནོར་སྲིད་སྡེ་ཚན་དང་དམངས་སྲིད་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་རང་འགུལ་ངང་དང་ལེན་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།