འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་གྲོང་ཁྱེར་19ལ་སློབ་ཆུང་དང་དམའ་རིམ་སློབ་འབྲིང་དུ་བསྐྱོད་པར་རྒྱུགས་
    སྤྲོད་མི་དགོས་པར་ཐག་ཉེ་སར་སློབ་ཞུགས་བྱ་རྒྱུ་རིམ་བཞིན་ཁྱབ་གདལ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་13ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བུ་བཅོལ་ཁང་དུ་འཛུལ་དཀའ་བ་དང་། སློབ་གྲྭ་འདེམས་རྒྱུར་དགའ་བ། སློབ་མའི་གྲངས་ཚད་ལས་བརྒལ་བའི་འཛིན་གྲྭ། ལས་རིགས་སློབ་གསོའི་ཡིད་དབང་འགུག་ཤུགས་མི་འདང་བ་སོགས་ཀྱི་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་དང་དེ་བཞིན་ལོ་ཆུང་ཆུང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་ལ་བསྐྱོད་པ་སོགས་ཀྱི་སྣང་ཚུལ་ལ་གཞིགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སློབ་གསོ་པུའི་པུའུ་ཀྲང་གཞོན་པ་ཀྲུའུ་ཀྲེ་ཝུན་གྱིས་གནད་དོན་དང་སྣང་ཚུལ་དེ་དག་ལས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་མི་འདང་བ་དང་ཁྱབ་ཚུལ་དོ་སྙོམས་མེད་པ་མཚོན་གྱི་ཡོད་པས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དེ་བས་ཡག་པའི་ཐོག་ནས་མཐུན་སྦྱོར་ཡོང་རེ་ཡོད། “མ་འོངས་པའི་ལོ་ལྔའི་ནང་མི་དམངས་མང་ཚོགས་ཀྱི་ཟམ་མི་ཆད་པར་ཆེ་རུ་འགྲོ་བའི་སྤུས་ལེགས་ཅན་དང་། སྣ་མང་ཅན། རང་གཤིས་ཅན་བཅས་ཀྱི་སློབ་གསོའི་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་རྒྱུར་དམ་པོར་དམིགས་ནས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་བཏང་སྟེ་ནོར་ཤུགས་དང་སེམས་ནུས་དེ་བས་མང་བ་སློབ་གསོ་རྒྱ་བསྐྱེད་གཏོང་བའི་ཐད་ནུས་ལྡན་ངང་སྤྱད་དེ་ནང་དོན་འཕེལ་རྒྱས་གཏོང་རྒྱུར་དམ་བཟུང་བྱེད་པ་དང་སློབ་གསོའི་སྤུས་ཚད་རིམ་སྤོར་ཧུར་ཐག་བྱེད་དགོས”ཞེས་གསུངས་པ་རེད།
         འཐུས་མི་ཀྲུའུ་ཀྲེ་ཝུན་གྱིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་རྒྱལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་དང་སློབ་གསོ་ཁྱབ་གདལ་གཏོང་བའི་ཆུ་ཚད་གོང་མཐོར་ཆེས་ཆེར་ཕྱིན་ཡོད་པས་སློབ་གསོའི་སྤྱི་ཡོངས་ཀྱི་མཁོ་སྤྲོད་མི་འདང་བའི་འགལ་ཟླ་ཞི་ལྷོད་ནུས་ལྡན་བྱུང་ཡོད། སླད་ཕྱིན་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་སྦྲགས“འདེམས་མི་ཐུབ་པ”ནས“འདེམས་མི་དགོས་པ”དང“འདེམས་མི་འདོད་པའི”བར་རིམ་བཞིན་འགྱུར་ལྡོག་འགྲོ་རྒྱུ་ཡིན་པའི་ངོས་འཛིན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།