འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་སྤྱི་བདེ་པུས་ཆ་འཕྲིན་མཉམ་སྤྱོད་ཀྱིས“མི་སྣ་དང་
    དངོས་པོ་འཚོལ་དཀའ་བའི”གནས་ཚུལ་སེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་13ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་སྤྱི་བདེ་པུས་མཉམ་འབྲེལ་ཐོག་《ཆ་འཕྲིན་མཉམ་སྤྱོད་མགྱོགས་མྱུར་འཚོལ་ཞིབ་དང་དེ་བཞིན་དྲ་རྒྱའི་ཐོག་ཞིབ་བཤེར་ཚོད་འཛིན་གྱི་མཉམ་སྒྲུབ་ལས་དོན་བསྒྲུབ་རྒྱུའི་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམས་ནས་ཕྱོགས་གཉིས་པོས་བདེ་འཇགས་ལྡན་ལ་བདེ་མྱུར་གྱི་དྲ་བའི་བགྲོད་ལམ་སྟེ་ཀྲུང་དབྱང་སྲིད་ཁྲིམས་ལས་ཁུངས་ཀྱི་ལས་གྲྭའི་ཆེད་སྐུད་ཅིག་བརྒྱུད་ཆ་འཕྲིན་མཉམ་སྤྱོད་སྟེགས་བུ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཆ་འཕྲིན་མཉམ་སྤྱོད་མགྱོགས་མྱུར་འཚོལ་ཞིབ་དང་ཞིབ་བཤེར་ཚོད་འཛིན་གྱི་མཉམ་སྒྲུབ་ལས་ཀའི་ལམ་སྲོལ་ཆགས་པ་བྱས་ཡོད།
         བསམ་འཆར་དེའི་ནང་གཙོ་བོ་ཕྱོགས་ལྔའི་ཐད་ཀྱི་མཉམ་སྒྲུབ་ནང་དོན་ཚུད་ཡོད་པ་སྟེ། གཅིག་ནི་ཆ་འཕྲིན་མཉམ་སྤྱོད་ཡིན་ཞིང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་སྤྱི་བདེ་པུའི་ལག་བསྟར་གྱོད་གཞིའི་ཆ་འཕྲིན་དང་། ཁ་དན་ཚིག་གནས་མེད་པའི་ལག་བསྟར་བྱ་ཡུལ་གྱི་ཆ་འཕྲིན་དང་དེ་བཞིན་ཁྲིམས་འཛིན་འདྲི་གཅོད་ཆ་འཕྲིན་མཉམ་སྤྱོད་དང་། གཉིས་ནི་འདྲི་རྩད་ཕྱིར་ལྡོག་ཡིན་ཞིང་། སྤྱི་བདེ་པུས་མི་དམངས་ཁྲིམས་ཁང་ལ་རོགས་རམ་བྱས་ནས་ལག་བསྟར་བྱ་ཡུལ་གྱི་ཐོབ་ཐང་ཆ་འཕྲིན་དང་། ལག་བསྟར་བྱ་ཡུལ་གྱི་མཐའ་མཚམས་ནས་འགྲོ་འོང་བྱེད་པའི་ལག་ཁྱེར་དང་དེ་བཞིན་མཐའ་མཚམས་ནས་འགྲོ་འོང་བྱེད་པའི་ཆ་འཕྲིན། གཏུག་བཤེར་ཧྲིལ་སྲུང་བྱ་ཡུལ་ཞུ་སྦྱོར་ཕྱི་མའི་མཐའ་མཚམས་ནས་འགྲོ་འོང་བྱེད་པའི་ལག་ཁྱེར་གྱི་ཆ་འཕྲིན་དང་དེ་བཞིན་གཏུག་བཤེར་ཧྲིལ་སྲུང་བྱ་ཡུལ་ཞུ་སྦྱོར་ཕྱི་མ་དང་ལག་བསྟར་བྱ་ཡུལ་གྱི་རླངས་འཁོར་ཐོ་འགོད་ཆ་འཕྲིན་སོགས་འདྲི་རྩད་ཕྱིར་ལན། གསུམ་ནི་མཐའ་མཚམས་ནས་འགྲོ་འོང་བྱ་རྒྱུ་ཚོད་འཛིན་བྱ་རྒྱུ། སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་ལ་རོགས་རམ་བྱས་ཏེ་ལག་བསྟར་བྱ་ཡུལ་མཐའ་མཚམས་ནས་འགྲོ་འོང་བྱ་རྒྱུ་ཚོད་འཛིན་བྱ་རྒྱུ། བཞི་ནི་རླངས་འཁོར་ཞིབ་བཤེར་ཚོད་འཛིན་བྱ་རྒྱུ། སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་ལ་རོགས་རམ་བྱས་ཏེ་རླངས་འཁོར་འཚོལ་ཞིབ་དང་བཀག་སྡོམ་བྱ་རྒྱུ། ལྔ་ནི་ལག་བསྟར་བྱ་ཡུལ་འཚོལ་ཞིབ་བྱ་རྒྱུ། སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་ལ་རོགས་རམ་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་ལག་བསྟར་བྱ་ཡུལ་འཚོལ་ཞིབ་བྱ་རྒྱུ་བཅས་རེད།
         སྡེ་ཚན་གཉིས་པོའི་བསམ་འཆར་བཏོན་པ་དང་དེ་མཚུངས་ཀྱི་དྲ་བའི་ཐོག་ཞིབ་བཤེར་ཚོད་འཛིན་བྱེད་པ་དེས་མི་དམངས་ཁྲིམས་ཁང་གིས་ལས་དོན་སྒྲུབ་སྐབས“མི་སྣ་དང་དངོས་པོ་འཚོལ་དཀའ་བའི”གནས་ཚུལ་ལ་ཚད་བརྒལ་གསར་པ་ཡོང་བ་བྱས་ཏེ་ཁ་དན་ཚིག་གནས་མ་ཐུབ་པའི་མི་སྣ་ཕྱོགས་ཡོངས་ནས་གཅུན་འདོམས་བྱས་ཏེ་རྐང་བཙུགས་ནས་ལག་བསྟར་ལ་གཡོལ་མཁན་ལ་རྡུང་རྡེག་བཏང་ནས་ཁ་དན་ཚིག་གནས་མ་ཐུབ་པའི་ལག་བསྟར་བྱ་ཡུལ་བྱ་དཀའ་བྱེད་གཏད་དང་གབ་ས་གཡོལ་ས་མེད་པར་བཟོ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།