འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་ཡོན་ལིའུ་ཁྲང་མིང་གིས་ཁྱིམ་ཚང་གི་སློབ་གསོ་ནི་བྱིས་པའི་ལས་རིགས་ལེགས་གྲུབ་ཡོང་མིན་
    དང་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་མིན་གྱི་རྒྱུ་རྐྱེན་གལ་ཆེན་ཞིག་རེད་ཅེས་གསུངས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་13ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་9ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་པེ་ཅིང་གྲོང་ཁྱེར་སློབ་འབྲིང་བཞི་པའི་སློབ་སྤྱི་ལིའུ་ཁྲང་མིང་གིས“སློབ་གྲྭ་འདེམས་རྒྱུར་དར་གསོ་བྱེད་པའི”གནད་དོན་ལ་དམིགས་ནས་རིན་གོང་ཆེས་མཐོ་པོ་སྤྲད་དེ་སློབ་ཁུལ་གྱི་ཁང་པ་ཉོ་བའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱེད་དགོས་ལ་ད་དུང་སློབ་གསོ་དོ་སྙོམས་ཡོང་རྒྱུར་འབད་བརྩོན་ཡང་བྱེད་དགོས་ཞེས་གསུངས།
         “ངས་བལྟས་ན། ཁྱིམ་བདག་གིས་དངུལ་མང་པོ་སྤྲད་དེ་སློབ་ཁུལ་གྱི་ཁང་པ་ཉོ་བ་ལས་སེམས་ནུས་དེ་བས་ཆེ་བ་དང་ནོར་ཤུགས་དེ་བས་མང་བ་ཁྱིམ་ཚང་གི་སློབ་གསོའི་སྤུས་ཚད་ལེགས་སུ་གཏོང་རྒྱུའི་ཐད་བཞག་ནས་ཕྲུ་གུ་ཚོར་གོམས་སྲོལ་ཡག་པོ་དང་། གཤིས་ཀ་ཡག་པོ། འདོད་བློ་ཡག་པོ་སོགས་གསོ་སྐྱོང་བྱས་ཏེ་འབྱུང་འགྱུར་ཕྲུ་གུ་ཚོ་དེ་བས་ཡག་པའི་སྤྱི་ཚོགས་ཀྱི་འཚོ་བའི་ནང་ཞུགས་རྒྱུར་རོགས་རམ་བྱས་ན་ཡག”ཅེས་ལིའུ་ཁྲང་མིང་གིས་གསུངས།
         ཁོང་གིས་ཉེ་བའི་ལོ་ཤས་རིང་གཞུང་བཙུགས་སློབ་གྲྭ་གྲགས་ཅན་མང་པོ་ཞིག་གིས་ས་ཁུལ་ཁག་ཏུ་ཡན་ལག་སློབ་གྲྭ་བཙུགས་ནས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་རྒྱ་ཆེར་བཏང་བས་སྤྱི་ཚོགས་ལ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་དགོས་མཁོ་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་བསྐངས་ཡོད། འོན་ཀྱང་དེང་རབས་རྒྱལ་དམངས་སློབ་གསོའི་མ་ལག་འཛུགས་སྐྱོང་བྱ་རྒྱུར་གཞུང་བཙུགས་སློབ་གསོའི་ཐོན་ཁུངས་མུ་མཐུད་རྒྱ་ཆེར་གཏོང་དགོས་པ་མ་ཟད། ད་དུང་དམངས་གཉེར་སློབ་གསོ་དར་སྤེལ་ཤུགས་ཆེན་ཡང་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།