འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་ཐའེ་དབན་གྱི་གསར་དུ་བདམས་ཐོན་བྱུང་བའི་
    འགོ་ཁྲིད་པས“དགུ་གཉིས་ཐུན་མོང་ངོས་འཛིན”ལ་ངོས་འཛིན་གཅིག་མཐུན་བྱ་རྒྱུའི་
    ཐད་གཡོལ་ནས་མི་སྡོད་པར་གསལ་པོ་ཤོད་རྒྱུའི་ལྕག་སྐུལ་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་13ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་4གདན་དྲངས་ཏེ་ངོགས་གཉིས་ཀྱི་འབྲེལ་བའི་གྲོས་གཞིའི་སྐོར་ལ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་མཉམ་སྡེབ་བཅར་འདྲི་དང་ལེན་ཞུས་པ་རེད། འཐུས་མི་དང་ཨུ་ཡོན་ཚོས་བཅར་འདྲི་དང་ལེན་ཞུ་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཉེ་ཆར་ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་སྐོར་གྱི་གཟིགས་སྟངས་གླེང་བ་དེ་ནི་ངོགས་གཉིས་ཀྱི་འབྲེལ་བའི་གལ་ཆེའི་ལྷུ་ཚིགས་ཐོག་གནང་བའི་གསུང་བཤད་གལ་ཆེན་ཞིག་རེད། གསར་དུ་བདམས་ཐོན་བྱུང་བའི་ཐའེ་དབན་ས་ཁུལ་གྱི་འགོ་ཁྲིད་པས་ཚད་མཐོའི་མཐོང་ཆེན་བྱས་ནས“དགུ་གཉིས་ཐུན་མོང་ངོས་འཛིན”ལ་ངོས་འཛིན་གཅིག་མཐུན་ཡོད་མེད་ཐད་གཡོལ་ནས་མི་སྡོད་པར་མགྱོགས་ནས་མྱུར་དུ་ལན་གསལ་པོ་ཞིག་འདེབས་རྒྱུའི་ཐུགས་རེ་གནང་བ་རེད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཆེད་བསྐོས་ཀྲུའུ་ཞི་གཞོན་པ་ཀྲེན་ཅན་པང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་དེས་སྐམ་ས་ཆེན་པོ་ཕྱོགས་ཀྱིས“དགུ་གཉིས་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱེད་པ་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་ལངས་ཕྱོགས་བརྟན་པོ་སླར་ཡང་ཁ་གསལ་བསྟན་ཡོད། ལངས་ཕྱོགས་དེར་དོགས་པ་སྤུ་ཙམ་ཡང་བྱེད་དགོས་མེད། ཐའེ་དབན་གླིང་ཕྲན་ནང་གི་མི་ཁ་ཤས་དང་ཆབ་སྲིད་ཀྱི་སྟོབས་ཤུགས་ཁ་ཤས་ཀྱིས་དོན་དངོས་དང་མི་མཐུན་པའི་བསམ་བློ་གང་རུང་ཞིག་སླར་ཡང་གཏོང་མི་རུང་ཞེས་གསུངས།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པེ་ཅིང་སློབ་ཆེན་ཐའེ་དབན་ཞིབ་འཇུག་ཁང་གི་ཡོན་ཀྲང་ལི་དབྱི་ཧུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནང་ངོགས་གཉིས་ཀྱིས་ཀྲུང་གོ་གཅིག་གི་ངོས་འཛིན་གཅིག་མཐུན་གྱི་གཞི་རྩའི་ལངས་ཕྱོགས་དམིགས་སུ་བཀར་ནས་ནན་གསུང་གནང་བ་དང། ཐའེ་དབན་ལ་འཛིན་པའི་ང་ཚོའི་སྲིད་ཇུས་ཀྱི་མ་མཐའི་མཚམས་ཐིག་བསྐྱར་གསུངས་གནང་ཡོད། གལ་ཏེ་ཐའེ་དབན་གྱི་གསར་དུ་བདམས་ཐོན་བྱུང་བའི་འགོ་ཁྲིད་པས་ཟླ་5ཚེས་20ཉིན་ལས་གནས་སུ་འཁོད་སྐབས་དང་ཡང་ན“གཡོལ་ནས་སྡོད་པའི་བྱ་སྤྱོད”སྤྱད་དེ“དགུ་གཉིས་ཐུན་མོང་ངོས་འཛིན”ལ་ཐུན་མོང་གི་ངོས་འཛིན་ཡོད་མེད་དང་དེ་བཞིན་དེའི་སྲོག་ཤིང་གི་ནང་དོན་ཐད་ལན་གསལ་པོ་ཞིག་མ་བཏབ་ན་ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ངེས་རེད་ཅེས་གསུངས།
         ཁོང་གིས་ངོགས་གཉིས་ཀྱི་འབྲེལ་བའི་ཞི་བདེའི་འཕེལ་རྒྱས་ལ་ཉེ་བའི་ལོ་བརྒྱད་རིང་གྲུབ་འབྲས་ཧ་ཅང་ལེགས་པོ་ཐོབ་ཡོད་པ་དེ་ནི“དགུ་གཉིས་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱེད་པ་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་སྟེང་བཙུགས་པ་ཞིག་རེད། “གལ་ཏེ་སྲིད་གཞུང་གསར་པ་དང་འགོ་ཁྲིད་པ་གསར་པ་ལས་གནས་ཐོག་འཛེགས་རྗེས་གནད་དོན་དེའི་ཐད་མུ་མཐུད་སྐམ་ས་ཆེན་པོ་དང་འཐབ་རེས་བྱེད་པ་དང་རྩེད་མོ་རྩེ་རྒྱུའི་རེ་ངན་བཅངས་ན་དེ་ནི་ལྷག་བསམ་མི་དག་པའི་མཚོན་ཚུལ་ཞིག་རེད། དེས་འབྱུང་འགྱུར་གྱི་ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ལེགས་ཆ་གང་ཡང་མེད་ལ་སྤུན་ཟླ་ཐའེ་དབན་བར་ཡང་ཁེ་ཕན་གང་ཡང་ཐོབ་མི་སྲིད”ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།