འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཕྱི་ཕྱོགས་སུ་སྒོ་དབྱེའི་གོམ་སྟབས་མགྱོགས་སུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་22ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་གྱི་འཁྲུག་ཆ་དོད་ཤོས་ཀྱི་པེ་ཅིང་ལམ་དང་གཞོན་ནུ་ལམ་གྱི་ལམ་མདོར་གོ་ལ་ཧྲིལ་པོའི་བྱ་ཤ་སྲེག་མའི་མུ་འབྲེལ་ཁེ་ལས་ཆེ་ཤོས་ཡིན་པའི་ཁེན་ཏེ་ཅི་ཚོང་ཁང་ནང་ཚ་ཚ་འུར་འུར་ངང་མཛེས་བཟོ་བྱེད་བཞིན་ཡོད་པ་དང“ཨ་རིའི་སྨ་ར་དཀར་པོའི་རྒན་པོ”རི་ཀླུང་ཁྲི་སྟོང་མང་པོ་བརྒྱབ་ནས་འཛམ་གླིང་ཡང་རྩེར་གཞི་ཚུགས་ཏེ་བོད་དུ་ཚོང་གཉེར་བྱེད་པའི་རྒྱལ་སྤྱིའི་གྲགས་ཅན་བཟའ་འཐུང་སྤུས་རྟགས་དང་པོ་དེར་གྱུར་པ་རེད།
         ལྷ་སའི་བྱ་གཞག་ཚན་པ་ཞིག་ནང་ལས་ཀ་བྱེད་པའི་སྒྲོལ་མ་ཚེ་རིང་གིས་གཞོན་པ་ཚོའི་ངོས་ནས་བཤད་ན། དེས་བཟའ་འཐུང་རིག་གནས་གསར་པ་ཞིག་མཚོན་པ་དང“ཁེན་ཏེ་ཅི་གོ་ལ་ཧྲིལ་པོར་སྐད་གྲགས་ཆེ་བ་དང་བོད་དུ་ཚོང་ཁང་བཙུགས་པ་དེ་ཐོག་ནས་བོད་ལྗོངས་དང་ཕྱི་རོལ་འཛམ་གླིང་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ་མཚོན་ཐུབ”ཅེས་བཤད།
         ཟླ་1ཚེས་26ཉིན་ནས་ཚེས་31ཉིན་བར་2016ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལྷ་སར་འཚོགས་ཤིང་། དེའི་རིང་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པའི་སྲིད་གྲོས་ཨུ་ཡོན་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དེང་རབས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་སྤེན་པ་ལྷ་མོས་ཕྱི་ཕྱོགས་ལ་སྒོ་དབྱེ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་ལས་དེ་སྔའི་གནའ་ཉམས་དོད་ལ་ངོ་མཚར་ཆེ་བའི་འཛམ་གླིང་ཡང་རྩེའི་བོད་ཀྱི་སྒོ་དབྱེའི་གོམ་སྟབས་མགྱོགས་སུ་ཕྱིན་ཏེ་ཕྱི་རོལ་འཛམ་གླིང་དང་འབྲེལ་བ་ཟབ་ཏུ་སོང་ཡོད་ཅེས་བཤད།
         བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དེ་སྔའི་ཡོའན་ཀྲང་གཞོན་པ་པ་སངས་ནོར་བུས་ཁེན་ཏེ་ཅིས་བོད་དུ་ཚོང་ཁང་བཙུགས་པ་ནི་རིག་གནས་སྤེལ་རེས་དང་མཉམ་འདྲེས་བྱེད་པའི་བྱ་བཟང་ཞིག་ཡིན་པ་དེས་གངས་ལྗོངས་ས་མཐོར་ཟས་སྣ་གསར་པ་ཞིག་འབྱོར་རྒྱུ་མ་ཟད། གལ་ཆེ་ཤོས་ཤིག་ནི་ས་ཁོངས་མི་འདྲ་བའི་རིག་གནས་དབར་སྤེལ་རེས་བྱེད་ཐུབ་པའི་ངོས་འཛིན་བྱས་པ་རེད།
         ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་པའི་ཀྲུང་གོའི་འཐབ་ཇུས་ལྟེ་བ་དང་སྒོ་དབྱེའི་འགག་གནས་ཡིན་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷོ་ནུབ་རྒྱུད་ཀྱི་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོ་ནི་སྔར་ནས་ད་བར་ནེ་པ་ལ་དང་འགྲོ་འོང་ཚོང་འགྲུལ་གྱི་ལམ་གཙོ་བོ་ཡིན། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་པའི་སྐྱིད་གྲོང་རྫོང་གི་རྫོང་དཔོན་ཧུའུ་ཧུང་གིས་མིག་སྔར་བོད་དང་ཨེ་ཤེ་ཡ་ལྷོ་མའི་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཐད་བར་སྟོང་སྔར་བས་ཆེ་བ་ལྡན་ཡོད་པས། ཨེ་ཤེ་ཡ་ལྷོ་མ་དང་རིག་གནས་སྤེལ་རེས་མུ་མཐུད་ཟབ་ཏུ་གཏོང་ཆོག་གི་ཡོད་ཅེས་བཤད།
         ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་སུ་ཆགས་པའི་རྣ་ཐོས་ལར་2015ལོའི་ཟླ་6ཚེས་22ཉིན་རྒྱ་གར་གཞུང་ཕྱོགས་ཀྱི་ཡུལ་སྐོར་བ་བོད་དུ་གནས་འཇལ་དུ་ཡོང་མཁན་ཁག་དང་པོ་བསུས་པ་དེ་ཐོག་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་ཐད“གནས་འཇལ་ལ་བརྟེན་ནས་ཕྱི་འབྲེལ་བྱེད་པ”ལག་ལེན་བསྟར་འགོ་ཚུགས་པ་མཚོན་ཡོད། སྤེན་པ་ལྷ་མོས་བོད་ཀྱིས“ཨེ་ཤེ་ཡ་ལྷོ་མར་སྒོ་འབྱེད་པའི་རྒྱལ་སྤྱིའི་བགྲོད་ལམ་ཆེན་པོ”གཏོད་རྒྱུར་གཞོལ་བཞིན་ཡོད་པ་དང་རྣ་ཐོས་ལའི་གནས་འཇལ་ལམ་ཤར་གཏོང་བྱས་པ་ལས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོའི་དབར་རིག་གནས་སྤེལ་རེས་དང་དམངས་ཁྲོད་འགྲོ་འོང་བྱེད་མང་དུ་ཕྱིན་པ་མ་ཟད། བོད་ཀྱིས་ཕྱི་རོལ་འཛམ་གླིང་དང་ལག་གདང་སྦྲེལ་བ་དང་ཕྱི་རོལ་འཛམ་གླིང་གིས་དེ་བས་ལེགས་པའི་ངང་བོད་ཤེས་རྟོགས་བྱེད་པའི་གོམ་སྟབས་མགྱོགས་སུ་ཕྱིན་པའི་ངོས་འཛིན་བྱས་པ་རེད།
         ཚེས་27ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་སྲིད་གཞུང་སྙན་སྒྲོན་ནང་འདས་ཟིན་པའི་ལོ་5ཡི་རིང་། བོད་ཀྱིས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་བཏང་བ་དང“མཉམ་ལས་གཉིས་ཁེའི”བཀོད་པ་གསར་པ་བཙུགས་ནས་ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་1037ཟིན་པ་དང་། འགག་སྒོ་ལས་སྒྲོལ་བའི་གཞི་གཅིག་ཅན་གྱི་སྒྱུར་བཅོས་བྱེད་འགོ་ཚུགས་པས། མཐའ་མཚམས་ཚོང་དོན་བརྟན་པོའི་ངང་འཕེལ་རྒྱས་སོང་ནས་ཕྱིར་གཏོང་དང་ནང་འདྲེན་གྱི་སྤྱིའི་རིན་ཐང་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་ལས་ལྡབ་3.6འཕར་བ། བོད་ལྗོངས་མཁའ་འགྲུལ་གྱིས་ནེ་པ་ལ་དང་མཉམ་ལས་ཀྱིས“ཧི་མ་ལ་ཡའི་མཁའ་འགྲུལ་ཀུང་སི”བཙུགས་ནས་སྐྱིད་གྲོང་འགག་སྒོར་ཀྲུང་ནེ་ཕྱོགས་གཉིས་སྒོ་དབྱེ་མངོན་འགྱུར་ཐུབ་པ། ལྷ་སར་ཀྲུང་གོ་བོད་ལྗོངས་ཡུལ་སྐོར་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཐེངས་གཉིས་གྲུབ་འབྲས་ཐོབ་པའི་ངང་གཉེར་ཡོད་ཅེས་གསུངས་པ་རེད།
         བོད་རང་སྐྱོང་ལྗོངས་ཚོགས་འདུ་གཉིས་ཀྱི་ཚོགས་ཆུང་ཁག་བགོས་གྲོས་བསྡུར་བྱེད་སྐབས་གསར་འགོད་པར་ཤེས་རྟོགས་བྱུང་བར། འབྱུང་འགྱུར་ལོ་5ཡི་ནང་བོད་ཀྱིས་དེ་བས་དགེ་མཚན་ལྡན་པ་དང་རང་འགུལ་གྱི་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་སྟེ་ནུས་ཤུགས་ཡོད་རྒུས་ཚོང་པ་དང་ཉེ་བཅར་དང་ཚོང་འགུགས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག་གཏོད་པ་དང་། ཆོག་འཐུས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། སྲིད་གཞུང་གི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། རིགས་ཁག་གི་ཁྲོམ་རའི་བྱེད་པོ་བོད་དུ་མ་འཇོག་དང་གཞི་ཚུགས་རྒྱུར་དགའ་བསུ་ཞུ་བ་དང་རྒྱབ་སྐྱོར་བྱས་ནས་སྔོན་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་སྤུས་རྟགས་དེ་བས་མང་བ་བོད་དུ་གཞི་ཚུགས་རྒྱུ་ཡིན་པ་རེད།
         “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་ཕྱི་རོལ་ཡུལ་དང་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་རྒྱུ་ཡིན་ཞིང་། བློ་བཟང་རྒྱལ་མཚན་གྱིས་ཕྱོགས་གཅིག་ནས་ནུས་ཤུགས་ཡོད་རྒུས་ཁྲོན་བོད་ལྕགས་ལམ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། འགག་སྒོའི་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་བྱེད་པ། ལྷ་སའི་གནམ་ཐང་གསར་པ་དང་སྤུ་ཧྲེང་གནམ་ཐང་གི་དུས་འགོའི་ལས་དོན་མགྱོགས་མྱུར་སྤེལ་བ། དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་གཏོང་བྱེད་ཚད་མི་ཐེངས་ཁྲི་700ལས་བརྒལ་རེ་ཡོད་པ་བཅས་དང་། ཕྱོགས་གཞན་ཞིག་ནས“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལ་དམ་པོར་དམིགས་ཏེ“ཁོངས་ཡངས་དང་། སྒོ་དབྱེ། མཉམ་ལས་བཅས”ཀྱི་སྲིད་ཇུས་མ་ལག་འཛུགས་རྒྱུ་ཚད་བརྒལ་སར་བྱེད་པ་དང་ནང་ཁུལ་སྒོ་དབྱེ་གཙོ་གནད་དུ་བྱས་ཐོག་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཨེ་ཤེ་ཡ་ལྷོ་མར་སྒོ་ཕྱེ་བའི་བགྲོད་ལམ་གལ་ཆེན་སྐྲུན་མགྱོགས་སུ་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།