འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།དཔྱིད་གསར་དུས་ཆེན་སྐབས་“ཉི་འོད་གྲོང་ཁྱེར་”དུ་ཡུལ་སྐོར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་15ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།དཔྱིད་གསར་དུས་ཆེན་སྐབས་“ཉི་འོད་གྲོང་ཁྱེར་”དུ་ཡུལ་སྐོར་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ལུགས་རྙིང་གི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་དུས་སུ། ལྷ་སའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་ཉི་འོད་རྣམ་པར་འཕྲོ་བས། ཡུལ་སྐོར་བ་མང་བའི་མཐོ་རླབས་ཆུང་ཆུང་ཞིག་འཕྱུར་བ་རེད། ལྷ་སའི་ཁྲོམ་ལམ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གང་དུ་ཡིན་ཡང་ས་གནས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་མཐོང་རྒྱུ་ཡོད་ཅིང་། བོད་ལྗོངས་ཀྱི་དགུན་ཁ་ནི་དེ་འདྲའི་གྲང་ངར་ཆེ་བ་མ་ཡིན་པར། ལྷ་ས་ནི“ཉི་འོད་གྲོང་ཁྱེར་”ཡིན་པའི་སྐད་གྲགས་ཁྱབ་ཡོད། ཉེ་བའི་ལོ་འགའི་རིང་བོད་ལྗོངས་ཀྱི་འགྲིམ་འགྲུལ་ལ་སོགས་པའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བ་དང་ཆབས་ཅིག་བོད་ལྗོངས་སུ་ལོ་སར་གཏོང་བ་ནི་ཡུལ་སྐོར་བ་མང་པོའི་གདམ་ག་གསར་པ་ཞིག་ཏུ་གྱུར་ཡོད། གཞི་གྲངས་ལས་མངོན་པ་ལྟར་ན། ན་ནིང་གི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་སར་གྱི་དུས་སུ། ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་27.44ཟིན་ཡོད་པ་དང་དེའི་ཁྲོད་དུ་ཞག་སྡོད་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་8.5ལས་བརྒལ་ཡོད་པ་རེད།
    ༄༅།།དཔྱིད་གསར་དུས་ཆེན་སྐབས་“ཉི་འོད་གྲོང་ཁྱེར་”དུ་ཡུལ་སྐོར་བྱེད་པ།
    ༄༅།།དཔྱིད་གསར་དུས་ཆེན་སྐབས་“ཉི་འོད་གྲོང་ཁྱེར་”དུ་ཡུལ་སྐོར་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།