འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱི་བརྟག་དཔྱད་ལས་གད་མོ་མང་ཙམ་བགད་ན་རྒས་འགོར་བའི་ར་སྤྲོད་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་22ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “གད་མོ་ཏོག་ཙམ་བགད་པས་ན་། རང་ལོ་བཅུ་ཙམ་གཞོན་དུ་འགྱུར”ཞེས་པའི་ཤོད་རྒྱུན་སླར་ཡང་ར་སྤྲོད་བྱུང་བ་སྟེ། རི་པིན་གྱི་ཞིབ་འཇུག་མི་སྣས་བརྟག་དཔྱད་གསར་ཤོས་བྱས་པ་ལས་གད་མོ་བགད་རྒྱུར་དགའ་བའི་རྒན་རྒོན་ཚོས་རང་ཉིད་ཀྱི་བདེ་ཐང་གནས་ཚུལ་ལ་གདེང་འཇོག་བྱེད་ཚད་དེ་བས་མཐོ་བ་ཡོད་པ་རེད། དེ་སྔ་ཁོང་ཚོས་རང་ཉིད་ཀྱི་བདེ་ཐང་གནས་ཚུལ་ལ་གདེང་འཇོག་མཐོ་པོ་མེད་པའི་མི་མལ་དུ་ལུས་ཚད་དང་འཆི་ཚད་དེ་བས་མཐོ་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད། དེར་བརྟེན་བརྟག་དཔྱད་མི་སྣས་གད་མོ་བགད་རྒྱུར་དགའ་བའི་རྒན་རྒོན་ཚོའི་གཟུགས་གཞི་དེ་བས་ཐང་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
         བརྟག་དཔྱད་བྱས་པ་ལས་རྣམ་ཀུན་འཚོ་བའི་ཁྲོད་སྐྱེས་པ་38%དང་བུད་མེད་49%ཡིས་ཉིན་ལྟར་གད་མོ་བགད་ཀྱི་ཡོད་པ་དང་། སྐྱེས་པ་10%དང་བུད་མེད་5%ཡིས་ཧ་ལམ་གད་མོ་བགད་མྱོང་མེད་པ་མངོན་ཡོད།
         ཞིབ་འཇུག་མི་སྣས་གད་མོ་བགད་ཚད་དང་རང་ཉིད་ཀྱི་བདེ་ཐང་གནས་ཚུལ་ལ་གདེང་འཇོག་བྱེད་པའི་འབྲེལ་བར་དབྱེ་ཞིབ་བྱས་རྗེས་གད་མོ་མི་དགོད་པའི་རྒན་རྒོན་ཁྲོད་རང་ཉིད་ཀྱི་ད་ལྟའི་བདེ་ཐང་གནས་ཚུལ“དེ་ཙམ་ཡག་པོ་མེད་པ”དང“ཡག་པོ་མེད་པའི”བསྡུར་ཚད་དེ་ཉིན་ལྟར་གད་མོ་བགད་མཁན་རྒན་རྒོན་ཚོའི་ལྡབ་1.54དང་ལྡབ་1.78སོ་སོ་ཟིན་པའི་ངོས་འཛིན་བྱས་ཡོད། གོང་གསལ་གྱི་བརྟག་དཔྱད་བྱས་འབྲས་ལས་གད་མོ་བགད་རྒྱུར་དགའ་བའི་རྒན་རྒོན་ཚོ་དེ་བས་ཐང་པོ་ཡོད་པ་མངོན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།