འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོ་ནི་ཟིན་ཐོ་བཀོད་ཚུན་གྱི་ཚ་བ་ཆེ་ཤོས་ཀྱི་ལོ་ཞིག་ཡིན་ཞེས་བཤད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་22ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཉེ་ཆར་ཕྱོགས་བསྡུས་གནམ་གཤིས་གྲངས་གཞི་དབྱེ་ཞིབ་གསར་ཤོས་ཤིག་ཁྱབ་བསྒྲགས་བྱས་ཏེ་ཨེ་འར་ཉི་ནོ་དྲོད་རྒྱུན་དང་མིའི་རིགས་ཀྱི་བྱེད་སྒོ་ལས་བྱུང་བའི་གོ་ལ་ཧྲིལ་པོ་དྲོ་རུ་འགྲོ་བའི་ཤུགས་རྐྱེན་ལས་2015ལོར་གོ་ལ་ཧྲིལ་པོའི་ཆ་སྙོམས་ས་ངོས་ཀྱི་དྲོད་ཚད་དེ་འདས་ཟིན་པའི་ཟིན་ཐོ་ཡོད་ཚད་ལས་བརྒལ་ནས་གནམ་གཤིས་ལྟ་དཔྱད་ཀྱི་ཟིན་ཐོ་བཀོད་ཚུན་གྱི་ཚ་བ་ཆེ་ཤོས་ཀྱི་ལོ་ཞིག་ཏུ་གྱུར་ཡོད་ཅེས་བརྗོད།
         དབྱེ་ཞིབ་སྙན་ཞུ་དེའི་ནང་2015ལོར་གོ་ལ་ཧྲིལ་པོའི་ཆ་སྙོམས་གནམ་གཤིས་དྲོད་ཚད་བཟོ་ལས་ཅན་གོང་གི་ཚད་གཞི་ལས་ཧྲེ་ཧྲི་ཏུའུ་1ཙམ་ལས་ཐོག་མར་མཐོ་བ་བྱུང་ཡོད། 2015ལོའི་ཟླ་12པར། གནམ་གཤིས་འགྱུར་ལྡོག་གི་ཕ་རི་སིའི་ཚོགས་ཆེན་ཐོག《ཕ་རི་སིའི་གྲོས་ཆོད་》ལ་གྲོས་འཆམ་བྱུང་ནས་གོ་ལ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་བཟོ་ལས་ཅན་གོང་གི་ཚད་གཞི་ལས་འཕར་ཚད་ཧྲེ་ཧྲི་ཏུའུ་2ནང་ཚུན་དུ་ཚོད་འཛིན་བྱ་རྒྱུའི་ཁས་ལེན་བྱས་པ་མ་ཟད། དྲོད་ཚད་འཕར་ཚད་ཧྲེ་ཧྲི་ཏུའུ་1.5ནང་ཚུན་དུ་ཚོད་འཛིན་ཐུབ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་ཅེས་བརྗོད།
         ཚན་རིག་མཁས་ཅན་གྱིས་གལ་སྲིད་གོ་ལ་ཧྲིལ་པོའི་དྲོད་ཚད་འཕར་ཚད་དེ་བཟོ་ལས་ཅན་གོང་གི་ཚད་གཞི་ལས་ཧྲེ་ཧྲི་ཏུའུ་2ཡིས་མཐོ་བ་ཡོད་ན་གནམ་གཤིས་འགྱུར་ལྡོག་དེ་ཉེན་ཁ་དང་ལྡོག་ཐབས་མེད་པའི་དུས་མཚམས་སུ་སླེབས་རྒྱུ་ཡིན་ཞེས་བསྟན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།