འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་པའི་ལོ་གསར་གྱི་སྐབས་སུ་འདོད་བབ་རྩལ་འགྲན་རྩེད་མོ་“རྡེལ་སྐོར་”(击牛角)རྒྱག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་15ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་པའི་ལོ་གསར་གྱི་སྐབས་སུ་འདོད་བབ་རྩལ་འགྲན་རྩེད་མོ་“རྡེལ་སྐོར་”(击牛角)རྒྱག་པ།
         མི་དམངས་དྲ་བའི་འཕྲིན། འདི་ནི་ཟླ་2ཚེས་12ཉིན་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་འབྲོམ་སྟོད་ཤང་གླིང་ཁ་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་གྲོང་མི་ཚོས་“རྡེལ་སྐོར་”རྒྱག་འགོ་ཚུགས་པའི་མཛད་སྒོར་ཆང་གཞས་གཏོང་བཞིན་པའི་གནས་ཚུལ་ཡིན་པ།
         བོད་པའི་ལོ་གསར་གྱི་སྐབས་སུ་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཚོས་སྲོལ་རྒྱུན་གྱི་འདོད་བབ་རྩལ་འགྲན་བྱེད་སྒོ་སྣ་ཚོགས་སྤེལ་ནས་ལོ་གསར་ལ་གཡང་གསོལ་ཞུ་སྲོལ་ཡོད་ཅིང་། “རྡེལ་སྐོར་”རྒྱག་པའི་འདོད་བབ་རྩལ་འགྲན་རྩེད་མོ་དེ་ནི་བོད་པའི་ལོ་གསར་གཏོང་སྐབས་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ཁྲོད་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་ལྡན་པའི་བྱེད་སྒོ་ཡ་གྱལ་དུ་གྱུར་ཡོད། “རྡེལ་སྐོར་”རྒྱག་པ་འདི་ནི་དུས་ད་བར་རྒྱུན་འཇགས་པའི་བོད་ལྗོངས་ཀྱི་གནའ་བོའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལུས་རྩལ་བྱེད་སྒོ་ཞིག་ཡིན་ཞིང་། འཆར་ཅན་དུ་ལོ་རེའི་བོད་པའི་ལོ་གསར་གྱི་སྐབས་སུ་སྤེལ་གྱི་ཡོད། སྲོལ་རྒྱུན་ལྟར་ན། “རྡེལ་སྐོར་”རྒྱག་སྐབས་གྲོང་ཚོ་རེ་རེས་ཚན་པ་རེ་རེ་བྱས་ཏེ་ཚོ་ཆུང་གཉིས་སུ་བགོས་ནས་རྩལ་འགྲན་བྱེད་རྒྱུ་ཡིན་པ་དང་། སྤྱིར་བཏང་དུ་ཁྱིམ་དུད་རེ་རེའི་ཁྱིམ་བདག་སྐྱེས་པ་ཚང་མ་རྩལ་འགྲན་ལ་ཞུགས་དགོས། རྩལ་འགྲན་འཁོར་ཐེངས་རེར་ཁྱིམ་བདག་སྐྱེས་པ་རེས་རྡེལ་ཐེངས་གསུམ་འཕེན་ཆོག་པ་དང་། རིང་ཚད་སྨི་30ཡན་ཡོད་པའི་ནོར་གནག་གི་རྭ་ཅོར་ཕོག་པ་ཡིན་ན། ཕྱི་ལོར་ལམ་འགྲོ་རྒྱུགས་ཤིང་དོན་ཀུན་ཡིད་བཞིན་གྲུབ་པར་མཚོན་པ་རེད།
    【1】  【2】  【3】  【4】
    ༄༅།།བོད་པའི་ལོ་གསར་གྱི་སྐབས་སུ་འདོད་བབ་རྩལ་འགྲན་རྩེད་མོ་“རྡེལ་སྐོར་”(击牛角)རྒྱག་པ།
      

    ཕྱོགས་བསྡུས་གསར་འགྱུར།