འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲུག་ཡུལ་རྒྱལ་སྲས་སྐུ་འཁྲུངས་རྗེས་ཁྱིམ་མི་ཡོངས་ཐེངས་དང་པོར་གདོང་སྟོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་14ཉིན། 11:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།འབྲུག་ཡུལ་རྒྱལ་སྲས་སྐུ་འཁྲུངས་རྗེས་ཁྱིམ་མི་ཡོངས་ཐེངས་དང་པོར་གདོང་སྟོན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་10ཉིན་ཕྱི་ཕྱོགས་སྨྱན་སྦྱོར་ནས་གནས་འཕྲིན་སྤེལ་བ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་9ཉིན་འབྲུག་ཡུལ་རྒྱལ་པོ་ཚང་གིས་འབྲུག་ཡུལ་གྱི་རྒྱལ་པོ་དང་རྒྱལ་མོ་མཆོག་གིས་པང་དུ་འཁྲུངས་མ་ཐག་པའི་རྒྱལ་སྲས་པང་པའི་ཁྱིམ་མི་ཡོངས་ཀྱི་བརྙན་པར་སྤེལ་བ་རེད།
         གནས་འཕྲིན་སྤེལ་བ་ལྟར་ན། བརྙན་པར་འདི་ནི་འབྲུག་ཡུལ་རྒྱལ་ཁབ་ཀྱི་རྒྱལ་ས་ཡུམ་བུ་གྲོང་ཁྱེར་གྱི་ཕོ་བྲང་དུ་བླངས་པ་ཡིན་ཞིང་། མི་རིགས་ཀྱི་གྱོན་ཆས་སྤྲས་པའི་རྒྱལ་པོ་སྟེང་ཞལ་གཉིས་དང་རྒྱལ་པོ་ཟུར་པས་གཟབ་ནན་སེམས་ཆུང་གིས་གོས་སེར་པོའི་ནང་གི་རྒྱལ་སྲས་པང་ཡོད་པ། བློ་ཅུང་ཕམ་པ་ཞིག་ལ་པར་ལེན་མཁན་གྱིས་རྒྱལ་སྲས་ཀྱི་གདོང་གྱི་བརྙན་པར་གསལ་པོ་ལེན་ཐུབ་མེད་པ་རེད།
         གཞན་ཡང་འབྲུག་ཡུལ་རྒྱལ་པོ་ཚང་གིས་ཐེངས་འདིར་རྒྱལ་སྲས་ཀྱི་མཚན་ཡོངས་བསྒྲགས་གནང་མེད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།