འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་གྱ་གྱུ་རི་བོའི་འདབས་ཀྱི་བོད་རིགས་མང་ཚོགས་ཀྱིས“ཚེས་དགུ་དུས་ཆེན”
    དགའ་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་17ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སི་ཁྲོན་ཞིང་ཆེན་གྱ་གྱུ་རི་བོའི་འདབས་ཀྱི་བོད་རིགས་མང་ཚོགས་ཀྱིས“ཚེས་དགུ་དུས་ཆེན”
དགའ་གཏོང་བྱས་པ།
         མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་2ཚེས་16ཉིན་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་པའོ་ཞིང་རྫོང་གི་ཆའོ་ཆི་བོད་རིགས་ཤང་གི་བོད་རིགས་མང་ཚོགས་ཚོས་“ཚེས་དགུ་དུས་ཆེན་”དགའ་གཏོང་བྱེད་བཞིན་ཡོད་པ།
         ཉིན་དེར་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་པའོ་ཞིང་རྫོང་གི་གྱ་གྱུ་རི་བོའི་འདབས་ཀྱི་ཆའོ་ཆི་བོད་རིགས་ཤང་གི་བོད་རིགས་མང་ཚོགས་ཚོས་སེང་འབྲུག་འཁྲབ་སྟོན་ལ་སོགས་པའི་སྲོལ་རྒྱུན་གྱི་དམངས་སྲོལ་བྱེད་སྒོ་སྤེལ་ནས་“ཚེས་དགུ་དུས་ཆེན”དགའ་སྟོན་རྟེན་འབྲེལ་ཞུ་བཞིན་ཡོད་པ་རེད། “ཚེས་དགུ་དུས་ཆེན”ནི་པའོ་ཞིང་རྫོང་ཆའོ་ཆི་བོད་རིགས་ཤང་གི་བོད་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་པ་དང་། ལོ་རེའི་ལུགས་རྙིང་གི་ཟླ་དང་པོའི་ཚེས་དགུ་ཉིན་ལ་ས་གནས་དེ་གའི་བོད་རིགས་མང་ཚོགས་ཚོས་བྱེད་སྒོ་སྤེལ་ནས་སྐྱེ་དངོས་ཡོད་དགུ་གསར་དུ་སྐྱེ་བར་བསུ་བ་དང་འདས་པའི་ལོ་ལ་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ་བ་རེད།
    ༄༅།།སི་ཁྲོན་ཞིང་ཆེན་གྱ་གྱུ་རི་བོའི་འདབས་ཀྱི་བོད་རིགས་མང་ཚོགས་ཀྱིས“ཚེས་དགུ་དུས་ཆེན”
དགའ་གཏོང་བྱས་པ།
    ༄༅།།སི་ཁྲོན་ཞིང་ཆེན་གྱ་གྱུ་རི་བོའི་འདབས་ཀྱི་བོད་རིགས་མང་ཚོགས་ཀྱིས“ཚེས་དགུ་དུས་ཆེན”
དགའ་གཏོང་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།