འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ལེ་སི་ཐན་གྱི་ཉེན་གྱར་མི་སེར་ལོ་ན་མཐོ་ཤོས་དེ་ཚེ་ལས་འདས་པ། 

    ཚེ་ལས་འདས་སྐབས་ལོ་128ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་22ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཕ་ལེ་སི་ཐན་གྱི་ཉེན་གྱར་མི་སེར་ལོ་ན་མཐོ་ཤོས་ལ་ཅེ་པུའུ·ཐུའུ་མུའུ་ཡི་ཕུང་པོ་དུར་འཇུག་བྱེད་པའི་བྱེད་སྒོ་དེ་ཅ་ཧྲའི་བྱང་རྒྱུད་དུ་སྤེལ་བ་དང་དགའ་ཉེ་སྤུན་མཆེད་སོགས་མི་བཅུ་ལྷག་ཙམ་དུར་འཇུག་་བྱེད་སྒོར་ཞུགས་ཡོད་པ་རེད།
         ཉེ་ཆར་ལ་ཅེ་པུའུ·ཐུའུ་མུའུ་ཚེ་ལས་འདས་པ་དང་ཚེ་ལས་འདས་སྐབས་ལོ་128ཡིན་པ་རེད། ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ལ་ཅེ་པུའུ·ཐུའུ་མུའུ་ནི་ཕ་ལེ་སི་ཐན་གྱི་ཉེན་གྱར་མི་སེར་ལོ་ན་མཐོ་ཤོས་དེ་རེད་ཅེས་བཤད།
         ལ་ཅེ་པུའུ·ཐུའུ་མུའུ་པའར་ས་པ་སྟེ་ད་ཆའི་དབྱི་སི་རལ་མངའ་ཁོངས་ཀྱི་པེའར་ཤེ་པ་རུ་སྐྱེས་ཤིང་། 1948ལོར་དབུས་ཤར་དམག་འཁྲུག་ཐེངས་དང་པོ་ལངས་རྗེས་ཕ་ལེ་སི་ཐན་བ་མང་དག་ཅིག་ཕ་ཡུལ་ནས་ཕྱིར་འབུད་བཏང་ཡོད། ལ་ཅེ་པུའུ·ཐུའུ་མུའུ་དང་ཁོང་གི་ནང་མི་རྣམས་ཅ་ཧྲའི་བྱང་རྒྱུད་ཀྱི་ཅ་པ་ལི་ཡེའི་གནོད་བྱོལ་བ་སྡོད་ཡུལ་དུ་སྡོད་དགོས་བྱུང་ཡོད་པ་དང་། སྐབས་དེ་དུས་ཁོང་ཚོའི་ཁྱིམ་དུ་ནང་མི་8ཡོད་པ་དང་ད་ཆ་མི་350ཡོད་པའི་ཁྱིམ་ཚང་ཆེ་མོ་ཞིག་ཏུ་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།