འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡི་བོད་རིགས་ས་ཁུལ་གྱི་དབུལ་པོའི་གྲོང་ཚོ་ཚང་མར་བུ་བཅོལ་ཁང་འཛུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་04ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་དབུལ་པོའི་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོར་སྣུར་སྲིང་བྱ་རྒྱུའི་འགན་ལེན་འཆར་གཞི་ཞིག་འདི་ལོ་ཀན་སུའུ་རུ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་ཡིན་ཞིང་། 2017ལོར་སླེབས་སྐབས་ཀན་སུའུ་ཡི་བོད་རིགས་ས་ཁུལ་གྱི་དབུལ་པོའི་གྲོང་ཚོ་ཚང་མར་བུ་བཅོལ་ཁང་ཡོད་པ་བྱ་རྒྱུ་རེད།
          དབུལ་པོའི་ས་ཁུལ་གྱི་བྱིས་པའི་སློབ་གསོ་འགན་ལེན་བྱ་རྒྱུ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཀན་སུའུ་ཡི་བྱིས་པའི་འཕེལ་རྒྱས་འཆར་འགོད་ཀྱི་ནང་དོན་གལ་ཆེན་ཞིག་རེད། གོང་ཚེས་ཉིན་གསར་འགོད་པས་ཀན་སུའུ་ཞིང་ཆེན་སྲིད་གཞུང་ནས་ཤེས་རྟོགས་བྱས་པར། 2016ལོ་ནས་བཟུང་ཀན་སུའུ་ཡིས་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་དབུལ་པོའི་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོར་སྣུར་སྲིང་བྱ་རྒྱུར་གཙོ་གནད་ཐོག་སྐུལ་སྤེལ་གཏོང་རྒྱུ་ཡིན་པ་དང་། 2017ལོར་སླེབས་སྐབས་སློབ་ཆུང་གསར་སྐྲུན་དང་བུ་བཅོལ་ཁང་རྒྱས་བསྐྲུན་བྱ་རྒྱུར་བརྟེན་ནས་དགོས་མཁོ་དངོས་ཡོད་པའི་དབུལ་པོའི་གྲོང་ཚོའི་སློབ་ཞུགས་གོང་གི་ལོ་གསུམ་རིང་གི་བུ་བཅོལ་ཁང་ལ་ན་འདྲེས་ཞུགས་ཚད་70%ཟིན་པ་བྱ་རྒྱུ་དང་། ཚད་ལྡན་ངང་བྱིས་པའི་དགེ་རྒན་འདང་ངེས་བཀོད་སྒྲིག་བྱེད་པ་དང་སློབ་གསོ་འགན་ལེན་དང་འཚོ་བའི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ་བོད་རིགས་ས་ཁུལ་དང་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པར་དགོས་མཁོ་ཡོད་པའི་དབུལ་པོའི་གྲོང་ཚོར་བུ་བཅོལ་ཁང་ཡོད་པ་བྱ་རྒྱུ་ཡིན་ཞིང་། དབུལ་པོའི་ས་ཁུལ་དེ་དག་གི་གྲོང་གསེབ་སློབ་གྲྭའི་སློབ་ཁང་དང་། སྒྲོག་ཙེ་དང་རྐུབ་སྟེགས། དཔེ་དེབ། ལུས་རྩལ་ཐང་སོགས་སློབ་ཁྲིད་སྒྲིག་ཆས་ཀྱིས་སློབ་ཁྲིད་ཀྱི་དགོས་མཁོ་གཞི་རྩའི་ཆར་སྐོང་རྒྱུ་དང་། ཉལ་ཁང་དང་། ཉལ་ཁྲི། གསང་སྤྱོད། འཐུང་ཆུ་སོགས་ཀྱི་འཚོ་བའི་དགོས་མཁོ་གཞི་རྩའི་འཆར་སྐོང་རྒྱུ་རེད།
          གསར་འགོད་པས་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་སློབ་གསོ་ཅུས་ནས་ཤེས་རྟོགས་བྱས་པར། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ས་ཐག་ཅུང་རིང་བའི་ཞིང་འབྲོག་ས་ཁུལ་དུ་ན་ཆུང་བྱིས་པ་བུ་བཅོལ་ཁང་དུ་ཞུགས་དཀའ་བ་དེ་ལོ་མང་རིང་མང་ཚོགས་ཀྱི་དཀའ་གནད་ཅིག་ཏུ་གྱུར་ཡོད། 2012ལོ་ནས་བཟུང་ཀན་ལྷོའི་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། ཀྲོའུ་དེ་ཡོངས་ཀྱི་བུ་བཅོལ་ཁང་བསྡོམས་འབོར་130ལྷག་ཙམ་ཟིན་ནས་ཤང་གྲོང་དུ་བུ་བཅོལ་ཁང་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད། འཆར་འགོད་གཞིར་བཟུང་ཀན་སུའུ་ཞིང་ཆེན་གྱིས་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ལ་རྒྱབ་སྐྱོར་བྱས་ཏེ་ལོ་གཉིས་ནས་གསུམ་རིང་སླར་ཡང་བུ་བཅོལ་ཁང་500ལྷག་ཙམ་བསྐྲུན་ནས་2017ལོའི་གོང་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་སྲིད་འཛིན་གྲོང་ཚོ་ཡོངས་ལ་སྐད་གཉིས་བུ་བཅོལ་ཁང་འཛུགས་ཐུབ་པ་བྱས་ཏེ་ཞིང་འབྲོག་ཁུལ་གྱི་བྱིས་པའི་སློབ་ཞུགས་གོང་གི་སློབ་གསོའི་དགོས་མཁོ་གཞི་རྩའི་འཆར་སྐོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།