འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རོ་མ་ནི་ཡས་ཀྲུང་གོའི་ཡུལ་སྐོར་བར་རྒྱལ་གྲོལ་ཐོངས་མཆན་སྤྲོད་པའི་སྲིད་ཇུས་ལྷུག་
    ཏུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་04ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན་རོ་མ་ནི་ཡའི་རྒྱལ་ཁབ་ཡུལ་སྐོར་ཧྲུའུ་ཡི་ཧྲུའུ་ཀྲང་ཨན་ཁ·ཕ་ཝུའེར་དབྱི་ནེ་ཏའེ་ཡས་པུ་ཆ་རེ་སི་ཐེ་རུ་རོ་མ་ནི་ཡས་ཉེ་ཆར་ཀྲུང་གོའི་ཡུལ་སྐོར་བར་རྒྱལ་གྲོལ་ཐོངས་མཆན་སྤྲོད་པའི་སྲིད་ཇུས་ལྷུག་ཏུ་བཏང་སྟེ་ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
         དེ་ཉིན་ཕ་ཝུའེར་དབྱི་ནེ་ཏའེ་ཡས་ཡུལ་སྐོར་གནད་དོན་གྱི་ཚོགས་འདུ་ཞིག་གི་ཐོག་རོ་མ་ནི་ཡའི་མི་སེར་གནས་སྤོས་ཅུས་དང་། ཕྱི་འབྲེལ་པུའུ། རྒྱལ་ཁབ་ཡུལ་སྐོར་སྤྱི་ཁྱབ་ཧྲུའུ་བཅས་དང་དེ་བཞིན་ཡུལ་སྐོར་ལས་དོན་ཁང་གིས་གཟའ་འཁོར་གཉིས་ནང་ཀྲུང་གོའི་ཡུལ་སྐོར་བར་རྒྱལ་གྲོལ་ཐོངས་མཆན་སྤྲོད་པའི་སྲིད་ཇུས་ལྷུག་ཏུ་གཏོང་རྒྱུའི་གནད་དོན་ཐད་ཀྱི་གྲོས་མཐུན་ཞིག་ལ་མཉམ་དུ་མིང་རྟགས་བཀོད་པ་རེད། སླད་ཕྱིན་ཀྲུང་གོའི་ཡུལ་སྐོར་བར་ཉིན་7ནང་རོ་མ་ནི་ཡའི་རྒྱལ་གྲོལ་ཐོངས་མཆན་རག་གི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།