འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་གཙང་གསུམ་ཆུ་འགོའི་ཆུའི་སྤུས་ཚད་རིགས་
    གཉིས་པ་ཡན་གྱི་ཚད་གཞིར་སླེབས་པ་བྱ་རྒྱུ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་04ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་གི་ཚད་གཞི་ཁག་ཟམ་མི་ཆད་པར་ལེགས་སུ་སོང་ཞིང་། སྔོན་རྩིས་ལ་གཞིགས་ན། 2020ལོར་སླེབས་སྐབས་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཆུ་འགོའི་ཆུའི་སྤུས་ཚད་རིགས་གཉིས་པ་ཡན་གྱི་ཚད་གཞིར་སླེབས་རྒྱུ་ཡིན་པ་དེའི་ཐོག་ནས་སྟབས་བདེའི་དྭངས་སྙིགས་ཕྱེ་ནས་ཐད་ཀར་འཐུང་ཆོག་པ་མཚོན་གྱི་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་ཞིང་། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་སུ་གྲགས། ལོ་ལྟར་ཆུ་བོའི་སྨད་རྒྱུད་དུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་600ལྷག་ཙམ་གཏོང་གི་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། ཞིང་ཆེན་དེའི་གཞུང་ཁོངས་ས་ཆ་ཕྱེད་ཀ་ལྷག་ཙམ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁོངས་སུ་བཅུག་པ་དང་། གཞུང་ཁོངས་ས་ཆ་གསུམ་ཆ་གཅིག་ཙམ་བཟོ་ལས་གསར་སྤེལ་བྱེད་མི་ཆོག་པའི་ས་ཁོངས་སུ་བཅུག་ནས་སྣོད་བཅུད་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་ལེན་བསྟར་བ་རེད།
         མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་དབྱང་རུའུ་ཁུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2011ལོ་ནས་ད་བར། མཚོ་སྔོན་གྱིས་མ་དངུལ་སྒོར་དུང་ཕྱུར་42.6དོན་འཁྱོལ་བྱས་ཏེ་ཆུའི་སྦགས་བཙོག་འགོག་བཅོས་དང་ཆུ་རྒྱུན་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པ་སོགས་གཙོ་གནད་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས་ཁག་གཅིག་ལེགས་གྲུབ་ཟིན་པ་དང་། ཆུ་དང་འབྲེལ་བའི་ཁེ་ལས་94%ལ་ཆུ་སྙིགས་བཅོས་སྐྱོང་བྱས་པ་དང་། ཚད་གཞི་མཐོར་གཏོང་གིས་ཆུ་སྙིགས་སྒྱུར་བཀོད་དང་རྗེས་ལུས་ཀྱི་ཐོན་ནུས་འདོར་བ་སོགས་ཀྱི་ལས་གྲྭ་ཁག་552ལག་ལེན་བསྟར་བ། ཁོར་ཡུག་ཁྲིམས་འགལ་ཁེ་ལས་940གྱོད་དོན་ཐོ་འགོད་བྱས་ཏེ་ཞིབ་བཤེར་ཐག་གཅོད་བྱས་པ་དེའི་ནང་ཁེ་ལས་152སྒོ་རྒྱག་ཏུ་བཅུག་པར་རིགས་ཁག་གི་སྦགས་བཙོག་དངོས་པོ་གཙོ་བོའི་ཕྱིར་འབུད་འཕར་ཚད་བསྡོམས་འབོར་དེ་རྒྱལ་ཁབ་ཀྱི་བླང་བྱའི་དམིགས་ཚད་ལས་ཆེས་ཆེར་དམའ་བ་ཡོད་པ་རེད།
         “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། མཚོ་སྔོན་གྱིས་ད་དུང་རིམ་རྩིས་བྱས་ན་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་14.5བཏང་ནས་ཞིང་འབྲོག་ཁུལ་གྱི་འཚོ་བའི་སྦགས་བཙོག་གཙང་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན་དང་སྒྱུར་བཀོད་ཐད་སྤྱད་པར་གྲོང་ཚོ་དང་སྐྱས་སྤོས་འབྲོག་པའི་གཞིས་ཆགས་ས་ཚིགས་2015ལ་ཁྱབ་པ་དང་། ཞིང་འབྲོག་པ་ཁྲི་175ཙམ་ལ་ཕན་པ་ཐོབ་པ། ཞིང་ཆེན་དེ་ཡོངས་སུ་བཅོས་སྐྱོང་བྱེད་ཚད་45%ཟིན་པ་བཅས་རེད།
         ལོ་5ཡི་རིང་། ཚན་ཞིབ་འགག་སྒྲོལ་བྱས་པ་བརྒྱུད་མཚོ་སྔོན་གྱིས་གཙང་གསུམ་ཆུ་འགོའི་ཁུལ་གྱི་སྣོད་བཅུད་མ་དངུལ་དཔྱད་དཔོག་དང་རིན་ཐང་རྩིས་བཤེར་དང་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་ལས་གྲྭའི་ཕན་འབྲས་དཔྱད་དཔོག་སོགས་ཚན་ཞིབ་རྣམ་གྲངས་རབ་དང་རིམ་པ་ལེགས་གྲུབ་ཟིན་ནས། སྣོད་བཅུད་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་དཔྱད་དཔོག་མ་ལག་འཛུགས་སྐྲུན་ཆུ་ཚད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།