འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ཁྲོམ་འགྲེམས་ཀུང་སི་12བར་མང་དུ་ཕྱིན་ནས་ཁྲོམ་རའི་རིན་ཐང་བསྡོམས་
    འབོར་སྒོར་དུང་ཕྱུར་ཆིག་སྟོང་ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་04ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2015ལོའི་ལོ་མཇུག་བར་བོད་ཀྱི་ཁྲོམ་འགྲེམས་ཀུང་སི་12བར་མང་དུ་ཕྱིན་ནས་Aརྐང་དངུལ་ཁྲོམ་འགྲེམས་ཀུང་སིའི་ཁྲོམ་རའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1407.61ཟིན་ནས་ན་ནིང་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལས་ཆེས་ཆེར་བརྒལ་ཏེ་2015ལོའི་GDPགྱི་137%ཟིན་ཡོད།
         ཉེ་བའི་ལོ་ཤས་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཞིང་། 1995ལོར་བོད་ཀྱི་ཀུང་སི་དང་པོ་བོད་ལྗོངས་མིང་ཀྲུའུ་ཁྲོམ་འགྲེམས་བྱས་རྗེས་བོད་ཀྱི་མ་རྩའི་ཁྲོམ་རའི་གཞི་ཁྱོན་དང་བྱེད་པོ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ཏེ་ཁྲོམ་རའི་བྱེད་པོའི་རིགས་བལྟོས་བཅས་ཀྱིས་ཆ་ཚང་བ་དང་ནུས་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་འགྲོ་བའི་མ་རྩའི་ཁྲོམ་རའི་མ་ལག་ཅིག་རགས་ཙམ་ཆགས་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་བསྣན་ཡོད།
         གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། མིག་སྔའི་བར་བོད་དུ་ཁྲོམ་འགྲེམས་ཀུང་སི་ཁྱོན་12ཡོད་པ་དེ་དག་གཙོ་བོ་བཟའ་བཏུང་ཐོན་རྫས་ཐོན་སྐྱེད་དང་། ཡུལ་སྐོར། སྨན་བཟོ། གཏེར་ཐོན་གསར་སྤེལ། བཟོ་སྐྲུན་དང་བཟོ་སྐྲུན་རྒྱུ་ཆ། བོད་ལུགས་གསོ་རིག་སོགས་ཀྱི་ལས་རིགས་དང་འབྲེལ་བ་ཡོད། དེའི་ནང་ཀུང་སི་11གིསAརྐང་དངུལ་ཁྲོམ་འགྲེམས་བྱས་པ་དང་ཀུང་སི་1གིས་Hརྐང་དངུལ་ཁྲོམ་འགྲེམས་བྱས་ཡོད།
         ན་ནིང་གི་ཟླ་བ་གསུམ་པར་ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་བོད་ཀྱི་མ་རྩའི་ཁྲོམ་ར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བོད་ཀྱི་མ་རྩའི་ཁྲོམ་ར་འཕེལ་རྒྱས་གཏོང་རྒྱུར་ཁ་གཏད་རྒྱབ་སྐྱོར་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ཐོག་བོད་ཀྱི་ཐོག་མའི་ཁྲོམ་འགྲེམས་ཁེ་ལས་ལ་སྔོན་ལ་ཞིབ་བཤེར་གཏན་འབེབས་ཀྱི་སྲིད་ཇུས་དང་། བོད་ཀྱི་ཁེ་ལས་ཀྱིས“གྲུབ་གསར་གསུམ”ནང་སྒོ་བྱང་འགེལ་སྐབས“འཕྲལ་ཞུ་འཕྲལ་བཤེར”བྱེད་པ། བོད་ཀྱི་ཁེ་ལས་ཀྱི“གྲུབ་གསར་གསུམ”ནང་སྒོ་བྱང་འགེལ་བའི་ཐོག་མའི་འགྲོ་གྲོན་ཉུང་འཕྲི་རྩ་ཆག་གཏོང་བ་སོགས་ཀྱི་འདེགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱ་རྒྱུ་ཡིན་ལུགས་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།