འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཁྲིམས་འགལ་གྱི་གནད་དོན་མང་པོ་བརྡ་ཁྱབ་བཏང་སྟེ་སྤྱོད་གཙང་གི་
    དུས་ཆེན་ཞིག་གཏོང་རྒྱུར་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་04ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སླེབས་ལ་ཉེ་བའི་སྐབས། བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་མང་པོ་བརྡ་ཁྱབ་བཏང་སྟེ་སྟེས་དབང་གི་བསམ་བློ་ཡོད་པའི་ལས་བྱེད་པར་ཉེན་བརྡ་བཏང་ནས་སྤྱོད་གཙང་གི་དུས་ཆེན་ཞིག་གཏོང་རྒྱུར་སྐུལ་ལྕག་ནུས་ལྡན་བྱས་པ་རེད།
         བརྡ་ཁྱབ་ནང་མངོན་གསལ། ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱི་ཅུས་ཀྲང་བསམ་གྲུབ་ཀྱིས་གོང་རིམ་གྱི་ཆོག་མཆན་མེད་པར་འཕྲིན་ཐུང་ཐོག་ནས་གཉེན་ཉེ་དང་། ལས་རོགས། རྫོང་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན། འབྲེལ་ཡོད་ཁེ་ལས་བཅས་ཀྱི་མི་སྣ་དང་དེ་བཞིན་ཞིང་འབྲོག་པའི་ཨར་ལས་རུ་མི་སོགས་ཁྱོན་མི་179ཙམ་རང་གི་བུ་མོའི་སློབ་ཐོན་དགའ་སྐྱེལ་ལ་གདན་དྲངས་ནས་ཤོག་ཆག་སྒོར་ཁྲི་9.4བླངས་པ་རེད། ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་སྒྲིག་ཨུད་ལྟ་ཞིབ་ཅུས་ཀྱིས་ཞིབ་འཇུག་བྱས་པ་དང་འབྲེལ་ལྷོ་ཁ་ས་ཁུལ་སྒྲིག་ཨུད་ལྟ་ཞིབ་ཅུས་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད། བསམ་གྲུབ་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པ་དང་སྲིད་འཛིན་གྱི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་པ་དང་། འགོ་ཁྲིད་མིན་པའི་ཁོའོ་རིམ་པ་གཞོན་པའི་ལས་གནས་སུ་བཀོད་སྒྲིག་བྱས་པ་དང་འབྲེལ་ཁྲིམས་འགལ་ངང་བླངས་པའི་ཤོག་ཆག་སྒོར་ཁྲི་5.886གཞུང་བཞེས་བཏང་བ་རེད།
         གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བདེ་འཇགས་ལྟ་ཞིབ་ཅུས་ཀྱི་ཅུས་ཀྲང་སུན་མིང་གིས་ཚན་པའི་ཁ་ལོ་བ་དགོངས་ཞུ་བྱེད་རིང་འབྲེལ་ཡོད་འགོ་ཁྲིད་ལ་སྙན་སེང་མ་ཞུས་པར་ཁྲིམས་འགལ་ངང་གཞུང་འཁོར་བཏང་ནས་འགྲིམ་འགྲུལ་ལས་འཛོལ་ཐོན་ཏེ་མང་ཚོགས་ལ་རྨས་སྐྱོན་བཟོས་ཡོད། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་སྒྲིག་ཨུད་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད་སུན་མིང་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པ་དང་འབྲེལ། འགྲིལ་འགྲུལ་ལས་འཛོལ་ལས་མང་ཚོགས་ལ་རྨས་སྐྱོན་ཕོག་པའི་སྨན་བཅོས་འགྲོ་གྲོན་དང་རླངས་འཁོར་ཉམས་གསོའི་འགྲོ་གྲོན་ཚང་མ་རང་ཉིད་ཀྱིས་སྤྲོད་དགོས་པའི་གཏན་འབེབས་བྱས་པ་རེད།
         ཟླ་1པོའི་ཟླ་འགོར། བོད་ལྗོངས་ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སྐལ་བཟང་ལུང་བསྟན་གྱིས་ཁྲིམས་འགལ་ངང་རྟོག་ཞིབ་ཚོགས་ཆུང་ལ་རོལ་རྩེད་བྱེད་སྒོ་བཀོད་སྒྲིག་བྱས་པས་མིང་འདོན་བརྡ་ཁྱབ་བཏང་བ་དང་། བཀོད་སྒྲིག་དང་ལེན་བྱེད་མཁན་ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་དེ་སྔའི་ཀྲུའུ་རེན་ཉི་མ་བཀྲ་ཤིས་ལ་མིང་འདོན་བརྡ་ཁྱབ་བཏང་བ། བོད་ལྗོངས་ནག་ཆུ་ས་ཁུལ་འགྲིམ་འགྲུལ་ཅུས་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་ཀུན་དགས་ཁྲིམས་འགལ་ངང་བུ་མོར་སློབ་ཐོན་དགའ་སྐྱེལ་བཏང་བར་མིང་འདོན་བརྡ་ཁྱབ་བྱས་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་2016ལོར་བོད་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་ལས་བྱེད་པར་རྡུང་རྡེག་ནན་པོ་གཏོང་བ་དང་། དུས་མཚུངས་སྒྲིག་འགལ་གྱི་གྱོད་དོན་ཁྱབ་བསྒྲགས་བྱས་ནས། “སྤྱོད་ཚུལ་བཞི”དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གྲུབ་འབྲས་རྒྱུན་མཐུད་ངང་གཏིང་ཟབ་ཡོང་བ་བྱ་རྒྱུ་ཡིན་ལུགས་བསྟན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།