འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་ཁུལ་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི་སྐབས་སུ་ཅོ་ནེ་རྫོང་གིས་གཏན་
    འཇགས་རྒྱུ་ནོར་གྱི་དངུལ་གཏོང་སྒོར་དུང་ཕྱུར་གོ་བརྒྱད་དང་བྱེ་
    བ་བརྒྱད་ས་ཡ་ལྔ་ལེགས་འགྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་04ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི་སྐབས་སུ། ཅོ་ནེ་རྫོང་གིས་རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཕན་ལྡན་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་དེ་ལས་འགན་དང་བོར་བརྩིས་པ་དང་། ལས་གཞི་འཛུགས་སྐྲུན་དེ་དཔལ་འབྱོར་བྱ་བའི་ལག་འཇུ་ས་གཙོ་བོ་བྱས་ཤིང་།  ནུས་པ་གང་ཡོད་ཀྱིས་གནད་སའི་ལས་གཞི་བརྩོན་ལེན་དང་འཛུགས་སྐྲུན་བཟང་བོ་བྱས་ཏེ། རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་ལས་གཞི་ཆེན་མོ་དང་ལས་གཞི་བཟང་བོ་སྐོར་ཞིག་དངོས་འབེབས་བྱས། 
         ལོ་ལྔའི་རིང་། རིམ་བསགས་སུ་བརྩིས་ན་ལས་འགོ་བརྩམས་པའི་ལས་གཞི་296ཡོད་པ་དང་། གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་སྒོར་དུང་ཕྱུར་གོ་བརྒྱད་དང་བྱེ་བ་བརྒྱད་ས་ཡ་ལྔ་ལེགས་འགྲུབ་བྱུང་བ་ནི་ལོ་ལྔའི་འཆར་གཞི་ཨང་བཅུ་གཅིག་པའི་སྐབས་དང་བསྡུར་ན་ལྡབ་གསུམ་དང་གྲངས་ཆུང་གསུམ་ཡིན། 
          ཅོ་ནེ་རྫོང་གིས་ལས་གཞི་འཛུགས་སྐྲུན་དེ་འདེགས་སྐྱོར་དུ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི3341ལས་གཞིའི་བཟོ་འགོད་ལག་འཇུ་ས་བྱས་ཏེ། ནུས་པ་གང་ཡོད་ཀྱིས་ལས་གཞི་འཛུགས་སྐྲུན་དང་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་བྱ་བ་དམ་འཛིན་བྱས། ལས་གཞི་འཛུགས་སྐྲུན་དེ་གྲོང་ཁྱེར་སྲིད་གཞུང་གི་རྨང་གཞིའི་སྒྲིག་བཀོད་དང་ཆུ་བེད་ཆུ་གློག སྤྱི་ཚོགས་ལས་དོན། འགན་སྲུང་རང་བཞིན་གྱི་སྡོད་ཁང་བཟོ་འགོད། འགྲིམ་འགྲུལ་སྒྲིག་བཀོད། ཡུལ་བབ་དང་བསྟུན་ནས་གནས་སྤོར་བ་སོགས་དང་འབྲེལ་བ་ཡོད་པའི་གནད་སའི་ལསགཞི་འཛུགས་སྐྲུན་གྱི་འཕེལཚད་བདེ་བླག་རེད། སྤྱིའི་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཉིས་གཏོང་བའི་ཆས་པའི་གཤིས་ཆུའི་བཞུར་རྒྱུན་གྱི་དབུལ་སྐྱོར་ལས་གཞི་་ཁྱོན་ཡོངས་ནས་དངོས་འབེབས་བྱེད་འགོ་ཚུགས་ཤིང་། མང་ཚོགས་ཀྱིས་ཐོན་ལས་བསྒྱུར་པར་ཐོག་མའི་ཕན་འབྲས་ཐོབ། ནུས་པ་གང་ཡོད་ཀྱིས་གྲོང་ཁྱེར་ནང་གི་སྡེ་བའི་བསྒྱུར་བཀོད་ལས་གཞི་དངོས་འབེབས་བྱས་ཤིང་། གྲོང་ཁྱེར་ནང་གི་སྡེ་བ་ལེགས་བསྒྱུར་བཟོ་འགོད་དེ་བསྡོམས་པས་ཁྱིམ་ཚང521དང་འབྲེལ་བ་ཡོད་པར་ཁང་བ་གྱན 286ལེགས་པར་གྲུབ་ནས་ཁྱིམ་ཚང174གནས་སྤོ་བཀོད་སྒྲིག་བྱས། གྲོང་ཁྱེར་ནང་གི་སྡེ་བ་བསྒྱུར་བཀོད་དངོས་འབེབས་བྱས་པ་བརྒྱུད་ནུས་ལྡན་ངང་གྲོང་ཁྱེར་གྱི་ཕྱིའི་རྣམ་པ་དང་སྤུས་རྟགས་ཇེ་བཟང་སོང་། རྫོང་ཡོངས་ཀྱི་རོང་འབྲོག་སྡེའི་གཞུང་ལམ་སྤྱིའི་རིང་ཚད་སྤྱི་ལེ932ལ་བསླེབས་ཤིང་། རྨིན་ཞན་ནས་གཙོས་དང་གཙོས་ནས་ཡེ་ལི་ཀོན་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་བདེ་བླག་ངང་འཛུགས་གྲུབ་བྱུང་བས། རིམ་པ་གཉིས་པའི་གཞུང་ལམ་མེད་པ་ནས་ཡོད་པར་མངོན་འགྱུར་བྱུང་། རྫོང་ཡོངས་ཀྱི་ཞང་གྲོང་བཅོ་ལྔ་དང་སྲིད་འཛིན་སྡེ་བ་གྱ་ལྔར་ཨར་འདམ་ལམ་ལས་པས་གཞི་རྩའི་སྟེང་རྫོང་དང་ཞང་གི་གཞུང་ལམ་གཙོ་བོ་བྱས་པ་དང་ཞིང་སྡེའི་གཞུང་ལམ་དེ་ཁ་གསབ་བྱས་པའི་གཞུང་ལམ་དྲ་རྒྱ་གྲུབ་ཡོད། ཐོན་ལས་ལེགས་སྒྲིག་བྱས་ཏེ་ནུས་པ་གང་ཡོད་ཀྱིས་མཐོ་སྒང་གི་ཁྱད་ལྡན་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་འཕེལ་རྒྱས་དང་བཟོ་ལས་ཐོན་ལས་ཀྱི་འབྲེལ་མཐུད་ཇེ་ལེགས་སུ་བཏང་། ཀྲུང་དབྱི་སྨན་རྫས་འདེབས་འཛུགས་གཞི་ཁྱོན་མུའུ་ཁྲི་བདུན་ཙམ་ཡོད་པ་དང་དྲ་སྒམ་ཉ་གསོའི་གཞི་ཁྱོན་དེ་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་གནས་འདུག ༼ཀན་ལྷོ་ཁུལ་རྒྱང་སྒྲོག་ཁང་བོད་སྐད་གསར་འགྱུར་ཚན་ཁག་གི་བདེ་སྐྱིད་འཚོས།༽
      

    ཕྱོགས་བསྡུས་གསར་འགྱུར།