འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་ཨུ་ཡོན་གྱིས་གནད་སྨིན་དབུལ་སྐྱོར་བྱེད་པར་འགྱུར་
    ལྡོག་བཞི་གང་མགྱོགས་གཏོང་དགོས་པའི་གྲོས་འགོ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་04ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གིས་བཏོན་པའི་གནད་སྨིན་དབུལ་སྐྱོར་དོན་འཁྱོལ་བྱེད་པར་དབུལ་སྐྱོར་བྱ་ཡུལ་ཡོངས་ལ་དམིགས་པ་ནས་དབུལ་སྐྱོར་བྱ་ཡུལ་ཁག་ཅིག་ལ་དམིགས་པའི་བར་དང་། གཞན་བརྟེན་སྒྱིད་ལུག་ནས་དབུལ་སྐྱོར་དངོས་བྱེད་པའི་བར། ཞིང་ཆུ་རང་དགར་གཏོང་བ་ནས་ཚད་དང་མཐུན་པའི་ཞིང་ཆུ་གཏོང་བའི་བར། ལས་འགན་མངོན་གསལ་དོད་པོ་མེད་པ་ནས་གཅུན་འདོམས་ནན་པོ་བྱེད་པའི་བར་བཅས་འགྱུར་ལྡོག་བཞི་གཏོང་དགོས་ཞེས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་གནད་སྨིན་དབུལ་སྐྱོར་བྱེད་པར་འགྱུར་ལྡོག་བཞི་གང་མགྱོགས་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།
         མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཆེ་ཝང་ཅིན་གྱིས་མིག་སྔར་མཚོ་སྔོན་ཞིང་ཆེན་དུ་ད་དུང་དབུལ་པོར་འགྱུར་ཚད་མཐོ་ཙམ་དང་དབུལ་སྒྲོལ་དཀའ་གནད་ཆེ་ཙམ་ལྡན་པའི་དབུལ་པོའི་མང་ཚོགས་ཁྲི་53.97ཡོད་པ་མ་ཟད། ཁོང་ཚོ་གནས་སའི་དབུལ་པོའི་ས་ཁུལ་སླར་ཡང་དབུལ་པོར་འགྱུར་ཚད་མཐོ་ཙམ་ཡོད། མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དཔེར་བཞག་ན། ཀྲོའུ་དེར་ལོ་ལྟར་སླར་ཡང་དབུལ་པོར་གྱུར་ཚད་15%ཡན་ཟིན་པ་དང་ཐ་ན་ལོ་ཉེས་ཐོན་ཚད་28%ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས།
         ཝང་ཅིན་གྱིས་གསར་འགོད་པར“གནད་སྨིན་དབུལ་སྐྱོར་བྱེད་པར་དང་ཐོག་དབུལ་པོ་ངོས་འཛིན་གཏན་འཁེལ་གྱི་ཚད་གཞི་ལུགས་མཐུན་ངང་གཏན་འཁེལ་དང་གནད་སྨིན་དབྱེ་འབྱེད་གང་ལེགས་བྱས་ནས། དབུལ་སྐྱོར་བྱ་ཡུལ་ལ་དམིགས་པའི་སྒུལ་རྣམ་དོ་དམ་ལམ་སྲོལ་འཛུགས་དགོས། དབུལ་སྐྱོར་བྱ་ཡུལ་གྱི་སྒུལ་རྣམ་དོ་དམ་ལམ་སྲོལ་འཛུགས་པར་དབུལ་སྐྱོར་བྱ་ཡུལ་གྱི་སྒུལ་རྣམ་གྲངས་གཞི་དང་དོ་དམ་ཡིག་ཚགས་གཞི་འཛིན་སར་བྱེད་དགོས”ཞེས་བརྗོད་བྱུང་།
         ཝང་ཅིན་གྱིས་མིག་སྔར་དབུལ་སྒྲོལ་མ་ཐུབ་པའི་མི་འབོར་གྱི་ས་ཁོངས་རང་བཞིན་དང་། རྙོག་འཛིང་རང་བཞིན། ཕྱོགས་བསྡུས་རང་བཞིན་བཅས་མཉམ་དུ་གནས་པ་དང་དབུལ་པོར་འགྱུར་རྐྱེན་འདྲ་མིན་སྣ་ཚོགས་ཡོད་པས། གནད་སྨིན་དབུལ་སྐྱོར་བྱེད་པར་རིགས་དབྱེ་འདེགས་སྐྱོར་དང་རྣག་ཐོག་གཙག་འཁེལ་གྱིས་ཕྱོགས་ཁག་གི་སྟོབས་ཤུགས་སྐོང་འཐེན་བྱས་ནས་དུད་ཚང་དབུལ་པོར་དམིགས་སའི་རང་བཞིན་ཡོད་པའི་གནད་སྨིན་དབུལ་སྐྱོར་བྱེད་ཐབས་འདོན་པ་དང་སྦྲགས་དབུལ་སྐྱོར་མ་དངུལ་དུད་ཚང་ལ་འཁྱོལ་བ་བྱེད་དགོས། གཞན་ཡང་ད་དུང་དཔྱད་ཞིབ་ཀྱི་ཁྲིད་ཕྱོགས་དང་ལྕག་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཕན་འབྲས་ངོས་འཛིན་གཏན་འཁེལ་དང་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་སྟེ་གནད་སྨིན་དཔྱད་ཞིབ་ཀྱིས་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏོང་དགོས་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།