འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་དབང་པོ་སྐྱོན་ཅན་སྦྱིན་བདག་ཅིག་གིས་ཕྱུག་འགྱུར་ལམ་བུ་ཡངས་པར་བཏོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་30ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    མཆོག་ལེགས་(གཡས)དང་ཁོང་གི་ལས་མིས་འབོ་བཟོ་བའི་གནས་ཚུལ་ཡིན་པ།
    མཆོག་ལེགས་(གཡས)དང་ཁོང་གི་ལས་མིས་འབོ་བཟོ་བའི་གནས་ཚུལ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ལོ་ལྟར་གྱི་ལོ་གསར་གོང་ནི་མཆོག་ལེགས་བྲེལ་བ་ཆེ་ཤོས་ཀྱི་དུས་ཡིན། ཁོང་གི་བཟོ་ཁང་ཆུང་ཆུང་ནས་ཐོན་སྐྱེད་བྱས་པའི་ཚེ་རིང་ལོ་ཡག་དང་བཀྲ་ཤིས་མཚོན་པའི་འབོ་ནི་བོད་རིགས་མང་ཚོགས་ཚོས་ལོ་གསར་གཏོང་སྐབས་དང་དགའ་སྟོན་རྟེན་འབྲེལ་བྱེད་སྐབས་མཁོ་ཆེ་བའི་དངོས་པོ་ཞིག་ཡིན། ད་ཆ་མི་རྣམས་ཀྱི་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་འགྲོ་བ་དང་སྦྲགས་ཁྱིམ་གྱི་འབོ་རྙིང་པ་བརྗེ་མཁན་མང་དུ་སོང་སྟེ་འབོ་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད།
         2009ལོར་མཆོག་ལེགས་ལས་ཡུལ་དུ་ལས་ཀ་བྱེད་སྐབས་སྟབས་མི་ལེགས་པར་སྐེད་ཚིགས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ནས་ཞ་རིལ་དུ་གྱུར། 2012ལོར་ལོ་24ལ་སླེབས་པའི་ཁོང་གིས་མལ་གྲོ་གུང་དཀར་རྫོང་དམངས་སྲིད་ཅུས་ནས་རེ་ཞུ་བྱས་པའི་སྐྱེད་མེད་དངུལ་བུན་སྒོར་ཁྲི་8.5དང་རང་གྲབས་བྱས་པའི་སྒོར་ཁྲི་7སྤྱད་ནས་བློ་སེམས་གཅིག་མཐུན་གྱི་སྤུན་གྲོགས་དང་མཉམ་དུ་འབོ་བཟོ་བའི་བཟོ་ཁང་ཆུང་ཆུང་ཞིག་གཉེར་འགོ་བཙུགས་ཡོད།
    མཆོག་ལེགས་ཀྱི་འབོ་བཟོ་གྲྭའི་ཐད་ཚོང་ཁང་དུ་ལས་མིས་འབོ་འཚོང་བའི་གནས་ཚུལ་ཡིན་པ།
    མཆོག་ལེགས་ཀྱི་འབོ་བཟོ་གྲྭའི་ཐད་ཚོང་ཁང་དུ་ལས་མིས་འབོ་འཚོང་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།