འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་དཔོན་རིགས་ཀྱིས་ཡོ་རོབ་མནའ་འབྲེལ་ནི་སྔར་བཞིན་ཨུ་རུ་སུའི་ཚོང་དོན་
    རོགས་ཟླ་གཙོ་གྲས་ཡིན་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་04ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་2ཉིན་ཨུ་རུ་སུའི་དཔལ་འབྱོར་འཕེལ་རྒྱས་པུའུ་ཀྲང་ཝུའུ་ལེའུ་ཁ་ཡེ་ཕུའུ་ཡིས་ཡོ་རོབ་མནའ་འབྲེལ་ནི་སྔར་བཞིན་ཨུ་རུ་སུའི་ཚོང་དོན་རོགས་ཟླ་གཙོ་གྲས་ཡིན་ཞེས་བཤད་པ་རེད།
         ཨུ་རུ་སུའི་དཔལ་འབྱོར་འཕེལ་རྒྱས་པུས་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་གཞིར་བཟུང་། ཚེས་1ཉིན་ཝུའུ་ལེའུ་ཁ་ཡེ་ཕུའུ་ཡིས་ཡོ་རོབ་ཚོང་ལས་མཐུན་ཚོགས་ཀྱི་འཐུས་མི་དང་ཐུགས་འཕྲད་བྱེད་སྐབས་ཡོ་རོབ་ཀྱིས་ཨུ་རུ་སུར་བཀག་སྡོམ་བྱས་པར་བརྟེན་ཨུ་རུ་སུའི་དཔལ་འབྱོར་འཕེལ་རྒྱས་ཤར་ཕྱོགས་ལ་སྒྱུར་བའི་ལྟ་བ་དེ་ནི་ནོར་འཁྲུལ་ཞིག་རེད། ཨུ་རུ་སུར་ཁ་ཕྱོགས་སྒྱུར་བའི་གནད་དོན་མེད། ཤར་ཕྱོགས་རྒྱལ་ཁབ་དང་མཉམ་ལས་རྒྱ་ཁྱབ་བྱེད་པ་དེ་ནི་རང་རྒྱལ་ཁབ་ཀྱི་དཔལ་འབྱོར་རྨང་གཞི་བརྟན་དུ་གཏོང་ཆེད་ཡིན་ཞེས་བཤད་པ་རེད།
         ཝུའུ་ལེའུ་ཁ་ཡེ་ཕུའུ་ཡིས་ཨུ་རུ་སུ་དང་ཡོ་རོབ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་སླར་གསོ་བྱེད་བཞིན་ཡོད། ཉིན་ཤས་གོང་ཨུ་རུ་སུ་དང་ཧྥ་རན་སེས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་། ཚོང་དོན། མ་འཇོག་བཅས་ཀྱི་གནད་དོན་སྐོར་གྱི་ཚོགས་འདུ་འཚོགས་ཡོད། ཉེ་དུས་ཨུ་རུ་སུས་པི་ལི་ཧྲི་དང་། ལུའུ་ཧྲེང་པའོ། ཨོ་སི་ཁྲུ་རི་ཡ། ཀེ་རི་སེ། སི་ཕེན་སོགས་རྒྱལ་ཁབ་དང་དེ་དང་འདྲ་བའི་ཚོགས་འདུ་འཚོག་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།