འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲང་ཀོང་རུང་མཚོ་སྔོན་ཞིང་ཆེན་གྱི་འགོ་འཛིན་གཞོན་པར་བདམས་ཐོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་01ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    རྒྱལ་ཁབ་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣས་རྩ་ཁྲིམས་ལ་དམ་བཅའ་འཇོག་པ།
    རྒྱལ་ཁབ་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣས་རྩ་ཁྲིམས་ལ་དམ་བཅའ་འཇོག་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་31ཉིན་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་གྲོལ་བ་དང་། ཚོགས་ཆེན་སྟེང་རང་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་སྤྱད་ནས་ཀྲང་ཀོང་རུང་(张光荣)མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འཛིན་གཞོན་པར་བདམས་པ་རེད།
         ཀྲུང་གོའི་གུང་ཁྲན་ཏང་གི་དྲ་བའི་ཀྲུང་གོའི་འགོ་ཁྲིད་ལས་བྱེད་པའི་དཔྱད་ཡིག་བང་མཛོད་ནས་གསལ་བ་ལྟར་ན། ཀྲང་ཀོང་རུང་ནི་1958ལོའི་ཟླ་4པར་སྐྱེས་པ་དང་། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཡུང་ཉིང་རྫོང་ནས་ཡིན་ཞིང་། ཀྲུང་དབྱང་ཏང་གི་སློབ་ཆེན་གྱི་སྦྲག་ཁྲིད་སློབ་གླིང་གི་དཔལ་འབྱོར་དོ་དམ་ཆེད་ལས་ནས་སློབ་མཐར་ཕྱིན། 1978ལོའི་ཟླ་11པར་ལས་ཀར་ཞུགས་པ་དང་། 1976ལོའི་ཟླ་4པར་ཀྲུང་གོའི་གུང་ཁྲང་ཏང་ལ་ཞུགས་པ་རེད།
         ཁོང་གི་ལོ་རྒྱུས་སུ་མངོན་པ་ལྟར་ན། 1975ལོའི་ཟླ་7པ་ནས་1991ལོའི་ཟླ་3པའི་བར་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཡུང་ཉིང་རྫོང་དུ་ལས་ཀ་བྱས་པ་དང་། 1991ལོའི་ཟླ་3པའི་རྗེས་ནས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གཞུང་ལས་ཐིང་དུ་ལས་ཀ་བྱས། 1998ལོའི་ཟླ་3པ་ནས་2000ལོའི་ཟླ་4པའི་བར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེ་མོ་གཞོན་པ་དང་གཞུང་ལས་ཐིང་གི་ཏང་ཙུའུ་ཡི་ཁོངས་མིའི་འགན་ཁུར། 2000ལོའི་ཟླ་4པ་ནས་2002ལོའི་ཟླ་1པོའི་བར་མཚོ་སྔོན་ཞིང་ཆེན་ས་གནས་ཁྲལ་དོན་ཅུས་ཀྱི་ཅུས་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་ཁུར། 2002ལོའི་ཟླ་1པོ་ནས་2007ལོའི་ཟླ་12པའི་བར་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གི་འགོ་འཛིན་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་ཁུར། 2008ལོའི་ཟླ་1པོ་ནས་2013ལོའི་ཟླ་7པའི་བར་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མིའི་འགན་ཁུར། 2013ལོའི་ཟླ་7པ་ནས་བཟུང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་ཁུར་བ་རེད།
         གཞན་ཡང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་འདེམས་བསྐོ་བྱས་པ་བརྒྱུད་ཅཱ་ཡིང་ཀྲུང་(贾应忠)མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེ་མོར་བདམས་ཐོན་བྱུང་བ་དང་། ཏུའུ་ཀུའེ་ཧྲེང་(杜贵生)མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་མི་རིགས་ཕྱིར་སྡོད་རང་མིའི་ལས་དོན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དུ་བདམས་ཐོན་བྱུང་བ། དབྱིན་པའེ་(訚柏)མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་དུ་བདམས་ཐོན་བྱུང་བ། ཝང་ཧྲི་(王奭)དང་། ཀྲང་ཝུན་ལིན།(张文林)  ཚའེ་ཏེ་ཀུའེ།(蔡德贵)  ལུའོ་ཝུན་་ཧྲུན་(廖文顺)བཅས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས་ཐོན་བྱུང་བ་རེད།
         ཉིན་དེར་ཐེངས་འདིའི་ཚོགས་ཆེན་ཐོག་ནས་བདམས་ཐོན་བྱུང་བའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣ་ཚོས་རྩ་ཁྲིམས་ལ་དམ་བཅའ་བཞག་པ་རེད།
    རང་མིང་མི་འགོད་པའི་འདེམས་ཤོག་འཕེན་པ།
    རང་མིང་མི་འགོད་པའི་འདེམས་ཤོག་འཕེན་པ།
      

    ཕྱོགས་བསྡུས་གསར་འགྱུར།