འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ལས་རིགས་ཐོབ་ཐང་ལམ་ལུགས་
    སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་04ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་འབྲེལ་ཡོད་འགན་འཁུར་བས་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡིག་ཆ་བཀྲམ་ནས་ལས་རིགས་ཁག་61གི་ཐོབ་ཐང་ཆོག་འཐུས་དང་ངོས་འཛིན་ཁས་ལེན་གྱི་དོན་ཚན་མེད་པ་བཟོས་པ་ཁྱབ་བསྒྲགས་བྱས་ཡོད། 2014ལོ་ནས་བཟུང་ཁག་ལྔ་ལ་དབྱེ་ནས་ལས་རིགས་ཁག་272ཀྱི་ཐོབ་ཐང་མེད་པ་བཟོས་ཏེ་ལས་རིགས་ཐོབ་ཐང་གཅིག་སྡུད་གཙང་སེལ་ལས་དོན་གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱས་ཡོད། གོམ་སྟབས་རྗེས་མར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གོ་མིང་ལམ་ལུགས་སྒྱུར་བཅོས་དང་ལས་རིགས་ཐོབ་ཐང་ལམ་ལུགས་སྒྱུར་བཅོས་ཚུད་པའི་ཤེས་ལྡན་མི་སྣའི་གདེང་འཇོག་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཤེས་ལྡན་མི་སྣའི་གདེང་འཇོག་ཚད་གཞི་དམའ་རུ་མི་གཏོང་བ་དང་ཤེས་ལྡན་མི་སྣའི་གདེང་འཇོག་ཞབས་ཞུའི་ཆུ་ཚད་དམའ་རུ་མི་གཏོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         འགན་འཁུར་བ་དེས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ཕྱོགས་བཞིའི་ཐད་ནས་ལས་རིགས་ཐོབ་ཐང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་སྟེ། གཅིག་ནས་ལས་རིགས་ཐོབ་ཐང་གི་དཀར་ཆག་གསལ་ཐོའི་དོ་དམ་ལམ་ལུགས་ལག་བསྟར་བྱ་རྒྱུ་དང་། གཉིས་ནས་ལས་རིགས་ཐོབ་ཐང་གཙང་སེལ་གྱི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཛུགས་རྒྱུ། གསུམ་ནས་ལས་རིགས་ཐོབ་ཐང་གི་སྒྲོམ་གཞི་བཟོ་རྒྱུ། བཞི་ནས་ལས་རིགས་ཐོབ་ཐང་བཀོད་སྒྲིག་དང་། ལག་བསྟར། ལྟ་སྐུལ་དོ་དམ་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།