འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།སྐམ་ས་ཆེ་མོའི་ཡུལ་སྐོར་བ་ཐའེ་དབན་དུ་སྐྱོད་པའི་བར་བརྒྱུད་གནམ་གྲུ་ཚོད་ལྟ་དངོས་
    སུ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་04ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན་སྐམ་ས་ཆེ་མོའི་ཡུལ་སྐོར་བ་ཐའེ་དབན་དུ་བསྐྱོད་སྐབས་བར་བརྒྱུད་གནམ་གྲུ་ཚོད་ལྟ་དངོས་སུ་བྱེད་འགོ་ཚུགས་ཤིང་། གནམ་གྲུ་བར་བརྒྱུད་བྱེད་མཁན་སྐམ་ས་ཆེ་མོའི་ཡུལ་སྐོར་བ་ཁག་དང་པོས་ཀྲུང་ཧྭ་མཁའ་འགྲུལ་དང་ཤར་ཕྱོགས་མཁའ་འགྲུལ་གྱི་མཉམ་སྤྱོད་དུས་གཏན་གནམ་གྲུ་ཨང་རྟགས་CI8026ལ་བསྡད་དེ་སྔ་དྲོའི་ཆུ་ཚོད་10དང་སྐར་མ་20ལ་ནན་ཁྲང་ནས་ཐའོ་ཡོན་གནམ་ཐང་དུ་འཕུར་བ་དང་ས་ཁོངས་ནང་མ་འཛུལ་གོང་གནམ་ཐང་དུ་གནས་སྐབས་བསྡད་རྗེས་ཕྱི་དྲོའི་ཆུ་ཚོད་13དང་སྐར་མ་55ལ་དུས་གཏན་གནམ་གྲུ་ཨང་རྟགས་CI835ལ་བསྡད་དེ་ཐའོ་ཡོན་ནས་པང་ཁོག་ཏུ་བསྐྱོད་ཀྱི་ཡོད་པ་རེད།
         དེ་རྗེས་ཡུལ་སྐོར་བ་ཁག་གཅིག་གིས་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་དང་ཁྲང་རོང་མཁའ་འགྲུལ་གྱི་མཉམ་སྤྱོད་དུས་གཏན་གནམ་གྲུ་ཨང་རྟགས་CA5541དང་སི་ཁྲོན་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་ཨང་རྟགས་་3U8957ལ་བསྡད་དེ་ཁྲུང་ཆིང་དང་ཁུན་མིང་ནས་ཐའེ་པེ་རུ་འཕུར་བ་དང་དེ་རྗེས་ཀྲུང་ཧྭ་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུར་བར་བརྒྱུད་བྱས་ཏེ་པང་ཁོག་དང་ལོ་ཧྲན་ཅི་རུ་བསྐྱོད་ཡོད་པ་རེད། དུས་གཏན་གནམ་གྲུ་གཏོང་ཐེངས་གསུམ་ལ་ཁྱོན་སྐམ་ས་ཆེ་མོའི་ཡུལ་སྐོར་བ་8ཀྱིས་ཐའེ་དབན་དུ་གནམ་གྲུ་བར་བརྒྱུད་བྱས་ཡོད་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་མགྲིན་ཚབ་པ་མཱ་ཞའོ་ཀོང་གིས་དེ་གོང་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་སྐམ་སའི་ཡུལ་སྐོར་བ་བར་བརྒྱུད་གནམ་གྲུ་ཚོད་ལྟ་བྱེད་པ་ནི་ངོགས་གཉིས་ཀྱི་འགོ་ཁྲིད་མི་སྣ་འཇལ་འཕྲད་གནང་བའི་གྲུབ་འབྲས་ཀྱི་གྲས་ཤིག་ཡིན་པ་དང་། ཁག་དང་པོར་ནན་ཁྲང་དང་། ཁུན་མིང་། ཁྲུང་ཆིང་བཅས་གྲོང་ཁྱེར་གསུམ་བདམས་པ་དེ་སྐམ་ས་ཆེ་མོའི་འབྲེལ་ཡོད་ལས་སྒོའི་གཙོ་གཉེར་སྡེ་ཚན་གྱིས་ཕྱོགས་ཁག་གི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་རྗེས་བདམས་པ་ཞིག་རེད། སྔར་བས་སྒོ་དབྱེ་རྒྱ་ཆེ་བྱེད་མིན་དེ་གནམ་ཐང་གི་འཁོར་སྐྱོད་གནས་ཚུལ་དང་ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་བལྟས་ཏེ་གཏན་འཁེལ་བྱ་རྒྱུ་རེད་ཅེས་བཤད་པ་རེད། ཐའེ་དབན་སྐམ་ས་ཆེ་མོའི་ཨུ་ལྷན་གྱིས་གོང་ཚེས་ཉིན་སྐམ་ས་ཆེ་མོའི་ཡུལ་སྐོར་བ་ཐའེ་དབན་དུ་སྐྱོད་པའི་བར་བརྒྱུད་གནམ་གྲུ་ཚོད་ལྟ་དངོས་སུ་བྱེད་འགོ་ཚུགས་པ་དེ་ངོགས་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་བྱུང་བའི་མཚོན་རྟགས་ཤིག་ཡིན་པས་ལས་རིགས་ཁག་གིས་ཡང་དག་པའི་ངོས་འཛིན་བྱས་ཏེ་སྐམ་ས་ཆེ་མོའི་ཡུལ་སྐོར་བ་ཐའེ་དབན་དུ་སྐྱོད་པའི་གནམ་གྲུ་བར་བརྒྱུད་བྱ་རྒྱུ་སྔ་ཙམ་ཕྱོགས་ཡོངས་དང་རྒྱུན་རྣམ་ཅན་དུ་འགྱུར་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།