འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ལམ་ཐག་ཐུང་བའི་འཛམ་གླིང་གཞོན་ནུའི་འཁྱག་ཤུད་ལེགས་སྐྱེས་འགྲན་བསྡུར་ཐོག་
    ཀྲུང་གོའི་རུ་ཁག་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་04ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན་གྱི་ཐོ་རེངས་སུ་2016ལོའི་ལམ་ཐག་ཐུང་བའི་འཛམ་གླིང་གཞོན་ནུའི་འཁྱག་ཤུད་ལེགས་སྐྱེས་འགྲན་བསྡུར་དེ་པུར་ཀ་རི་ཡར་མཇུག་འགྲིལ་ཞིང་། ཀྲུང་གོའི་རུ་ཁག་ལ་རྣམ་གྲངས་10ཡི་ཁྲོད་ནས་གསེར་གྱི་རྟགས་མ་8དང་། དངུལ་གྱི་རྟགས་པ་1 ཟངས་ཀྱི་རྟགས་མ་4བཅས་ཐོབ་ནས་མིང་གྲལ་ཨང་དང་པོར་སླེབས་པ་དང་འབྲེལ་རྣམ་གྲངས་མང་པོའི་ཟིན་ཐོ་གསར་པ་བཏོད་ཡོད། ལུས་རྩལ་པ་རེན་ཙེ་ཝེ་དང་ཆུས་ཁྲུན་ཡུས་ཀྱིས་ཀྲུང་གོ་རུ་ཁག་ལ་ཐོབ་མྱོང་མེད་པའི་སྐྱེས་པ་དང་བུད་མེད་ཀྱི་ཀུན་འཇོན་ལུས་རྩལ་གྱི་ཨང་དང་པོ་བླངས་ནས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་ཐུབ་ཡོད་པ་རེད།
         འགྲན་བསྡུར་ཉིན་མོ་མཇུག་ཤོས་དེར་བུད་མེད་ཀྱི་སྨི་1000གི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གི་ལུས་རྩལ་པ་ཆུས་ཁྲུན་ཡུས་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཚུད་པ་དང་ཧན་གོའི་རུ་མི་ལི་སུའུ་ཡུན་དང་ལི་ཡུས་པིན་ལས་རྣམ་པར་རྒྱལ་ནས་གསེར་གྱི་རྟགས་མ་ཐོབ་པ་དང་ཀྲུང་གོའི་རུ་ཁག་གིས་འཛམ་གླིང་གཞོན་ནུའི་ལེགས་སྐྱེས་འགྲན་བསྡུར་གྱི་ལོ་རྒྱུས་ཐོག་གི་བུད་མེད་ཀྱི་སྨི་1000རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་དང་པོ་དེ་བླངས་པ་རེད།
         སྐབས་འདིའི་འཛམ་གླིང་གཞོན་ནུའི་ལེགས་སྐྱེས་འགྲན་བསྡུར་ཐོག་སྨི་500དང་སྨི་1000གི་གསེར་གྱི་རྟགས་མ་གཉིས་དང་སྨི་1500ཡི་ཟངས་ཀྱི་རྟགས་མ་ཐོབ་པ་ལས་ཆུས་ཁྲུན་ཡུས་ལ་བུད་མེད་ཀྱི་ཀུན་འཇོན་ལུས་རྩལ་རྣམ་གྲངས་ཀྱི་ཨང་དང་པོ་ཐོབ་ནས་ཀྲུང་གོའི་རུ་ཁག་ལ་ལོ་23ནང་ཀུན་འཇོན་ལུས་རྩལ་རྣམ་གྲངས་ཀྱི་ཨང་དང་པོ་ཐོབ་མྱོང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
         སྐྱེས་པའི་ལུས་རྩལ་རྣམ་གྲངས་ཐད་ལུས་རྩལ་པ་རེན་ཙེ་ཝེ་ཡིས་ཀུན་འཇོན་ལུས་རྩལ་གྱི་སྐར་གྲངས་མིང་གྲལ་ཐོག་ཨང་དང་པོ་བླངས་ནས་འཛམ་གླིང་གཞོན་ནུའི་ལེགས་སྐྱེས་འགྲན་བསྡུར་གཉེར་ཚུན་ཀྲུང་གོའི་སྐྱེས་པའི་ཀུན་འཇོན་ལུས་རྩལ་གྱི་ཨང་དང་པོ་ལེན་མཁན་དང་པོ་དེར་གྱུར་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།