འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་དམངས་སྲོལ་རིག་གནས་འགྲེམས་སྟོན་ལྷ་ས་གྲོང་ཁྱེར་དུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་11ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།2016ལོའི་དམངས་སྲོལ་རིག་གནས་འགྲེམས་སྟོན་ལྷ་ས་གྲོང་ཁྱེར་དུ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་10ཉིན"སྤྲེལ་ལོ་ལ་སྤྲེལ་བཤད་པ། 2016ལོའི་དམངས་སྲོལ་རིག་གནས་འགྲེམས་སྟོན"ལྷ་ས་གྲོང་ཁྱེར་དུ་སྤེལ་བ་རེད། འགྲེམས་སྟོན་ནང་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་དམངས་སྲོལ་པར་རིས་200ལྷག་དང་། ཐང་ག པར་ཤིང་། བོད་ཀྱི་ཡིག་གཟུགས། གདོང་འབོག འཇིམ་བརྙན་སོགས་སྤྲེལ་གྱི་རིག་གནས་དང་ལོ་གསར་གྱི་སྲོལ་རྒྱུན་ལ་འབྲེལ་བ་ཡོད་པའི་དངོས་པོ་100ལྷག་བཀྲམ་ཡོད་པ་མ་ཟད།  འཇིམ་བརྙན་བཟོ་སྐྲུན་དང་། བརྐོས་པར་འདེབས་པ། བོད་རྒྱའི་ཡིག་གཟུགས་མཁས་ཅན་གྱིས་ཡུལ་དངོས་ནས་ལོ་གསར་ཆ་ཡིག་དང་བཀྲ་ཤིས་སྨོན་འདུན་སོགས་འབྲི་བཞིན་ཡོད་རེད།
         བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུ། སྤྲེལ་གྱིས་ནི་བློ་གྲོས་དང་མི་རིགས་ཀྱི་འབྱུང་ཁུངས་མཚོན་ཡོད་པ་མ་ཟད། དེས་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དུ་མཚོན་ཡོད། སྤྲེལ་གྱི་རྣམ་པ་དེ་བོད་མི་རིགས་ཀྱི་གཟུགས་འདས་རིག་གནས་ཏེ་གབ་ཚིག་དང་། ལྷ་མོ། ལྡེབས་རིས། འཇིམ་རྐོས། འཆམ་སོགས་སུ་ཡང་མངོན་གསལ་དུ་མཐོང་རྒྱུ་ཡོད་པ་ཞིག་རེད།
    ༄༅།།2016ལོའི་དམངས་སྲོལ་རིག་གནས་འགྲེམས་སྟོན་ལྷ་ས་གྲོང་ཁྱེར་དུ་སྤེལ་བ།
    ༄༅།།2016ལོའི་དམངས་སྲོལ་རིག་གནས་འགྲེམས་སྟོན་ལྷ་ས་གྲོང་ཁྱེར་དུ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།