འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་ཁུལ་གྱིས་རྣམ་གྲངས་ལ་བརྟེན་ནས་ཞིང་འབྲོག་ལས་མགྱོགས་མྱུར་འཕེལ་རྒྱས་
    འགྲོ་རྒྱུར་སྣེ་ཁྲིད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་13ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ན་ནིང་ཚུན་དུ་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཞིང་འབྲོག་ལས་འཛུགས་སྐྲུན་རྣམ་གྲངས་དེ་ཞིང་འབྲོག་ཁུལ་མགྱོགས་མྱུར་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་རྒྱུའི་ལས་འགན་ཨང་དང་པོར་བརྩིས་པ་དང་རྣམ་གྲངས་ལ་བརྟེན་ནས་ཞིང་འབྲོག་ལས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།
         ཤེས་རྟོགས་བྱས་པར་གཞིགས་ན། ན་ནིང་གི་ལོ་སྟོད་དུ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཀྲོའུ་རིམ་པའི་ནོར་སྲིད་ཞིང་སྐྱོར་མ་དངུལ་སྒོར་ཁྲི་1500ལྷག་ཙམ་བཏང་སྟེ་ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་གཏོང་དང་ཞིང་འཕྲུལ་ཉོ་སྒྲུབ་སོགས་རྣམ་གྲངས་17ལག་བསྟར་བྱས་པ་དང་། རྒྱལ་ཁབ་ཞིང་ལས་པུའི་མ་དངུལ་སྒོར་ཁྲི་1300བརྩོན་ལེན་དང་ཞིང་ཆེན་ཞིང་འབྲོག་ཐིང་གི་དོན་འཁྱོལ་རྣམ་གྲངས་7བརྩོན་ལེན་བྱས་པར་མ་དངུལ་སྒོར་ཁྲི་2500ཟིན་ཡོད། དུས་མཚུངས་ཚན་རིག་དང་མཐུན་པའི་སྒོ་ནས་《ཡུལ་ཤུལ་ཀྲོའུ་ཡི“ལོ་ལྔ་ཚན་བཅུ་གསུམ་པའི”ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་འཆར་འགོད་》དང་། 《ཡུལ་ཤུལ་ཀྲོའུ་ཡི“ལོ་ལྔ་ཚན་བཅུ་གསུམ་པའི”འབྲོག་ལས་འཕེལ་རྒྱས་འཆར་འགོད》 《ཡུལ་ཤུལ་ཀྲོའུ་ཡི“ལོ་ལྔ་ཚན་བཅུ་གསུམ་པའི”འདེབས་འཛུགས་ལས་རིགས་ཀྱི་འཕེལ་རྒྱས་འཆར་འགོད》 《ཡུལ་ཤུལ་ཀྲོའུ་ཡི“ལོ་ལྔ་ཚན་བཅུ་གསུམ་པའི”རྩྭ་ལས་འཕེལ་རྒྱས་འཆར་འགོད་》བཅས་བཟོས་ཡོད།
         2016ལོར་མཚོ་སྔོན་ཡུལ་ཤུལ་ཀྲོའུ་ཡིས་དོན་འཁྱོལ་ཐུབ་རེ་ཡོད་པའི་རྣམ་གྲངས་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་5ལས་བརྒལ་རྒྱུ་ཡིན་པ་དང་རྣམ་གྲངས་དེའི་ནང་སྣོད་བཅུད་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ས་ནག་གི་ཕྱོགས་བསྡུས་བཅོས་སྐྱོང་། གནོད་ཡོད་སྐྱེ་དངོས་འགོག་ཟོན། རྩྭ་རའི་སྣོད་བཅུད་ཀྱི་འབྲོག་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན། སྐྱེས་ལྡན་འབྲོག་ལས་རྟེན་གཞིའི་བདེན་དཔང་ར་སྤྲོད། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཀྱི་ཁ་གསབ་བྱ་དགའི་རྗེས་མཐུད་ཐོན་ལས་ཀྱི་འཕེལ་རྒྱས་རྣམ་གྲངས་སོགས་ཚུད་ཡོད། དེའི་ནང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། པེ་ཅིང་གིས་ཡུལ་ཤུལ་གྱི་ཞིང་འབྲོག་ལས་ལ་ཁ་གཏད་རོགས་སྐྱོར་བྱེད་པར་ལོ་ལྟར་སྒོར་ཁྲི་1000ཡན་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།