འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཧན་གོས་ཧན་གོ་ཕྱོགས་ཀྱི་མི་སྣ་ཁྲའོ་ཞན་བཟོ་ལས་གླིང་དུ་འགྲོ་འོང་ལ་ཚོད་འཛིན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་13ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་11ཉིན་ཧན་གོ་སྲིད་གཞུང་གིས་ཧན་གོ་ཕྱོགས་ཀྱིས་ཚེས་12ཉིན་ནས་བཟུང་ཁའེ་ཧྲེང་བཟོ་ལས་གླིང་དུ་འགྲོ་འོང་བྱེད་མཁན་ཧན་གོ་ཕྱོགས་ཀྱི་མི་སྣའི་གཞི་ཁྱོན་སྔར་བས་ཚོད་འཛིན་བྱ་རྩིས་ཡོད་ཅེས་བཤད་པ་རེད།
         ཧན་གོའི་གཅིག་གྱུར་པུའི་མགྲིན་ཚབ་པ་ཀྲེན་ཅུན་ཤིས་ཉིན་དེར་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་སྲིད་གཞུང་གིས་ཧན་གོ་ཕྱོགས་ཀྱི་འབྲེལ་ཡོད་ཁེ་ལས་དང་གྲོས་བསྡུར་བྱས་རྗེས་ཚེས་12ཉིན་ནས་བཟུང་ཁའེ་ཧྲེང་བཟོ་ལས་གླིང་ལ་འཚམས་འདྲི་བྱེད་མཁན་ཧན་གོ་ཕྱོགས་ཀྱི་མི་སྣའི་གཞི་ཁྱོན་དེ་བཅའ་སྡོད་ཁེ་ལས་དང་དེ་བཞིན་མཉམ་ལས་ཁེ་ལས་ཀྱི་ཐོན་སྐྱེད་བྱེད་སྒོ་དང་འབྲེལ་བའི“མ་མཐའི་དགོས་མཁོ”བར་ཚོད་འཛིན་བྱ་རྩིས་ཡོད་ཅེས་བཤད་པ་རེད།
         དེའི་ཐོག་ནས་ཧན་གོ་ཕྱོགས་ཀྱི་ཁེ་ལས་ཀྱིས“མ་མཐའི་དགོས་མཁོའི”རྩ་དོན་གཞིར་བཟུང་ཁའེ་ཧྲེང་བཟོ་ལས་གླིང་དུ་སྐྱོད་མཁན་ཧན་གོའི་མི་སྣ་ལེགས་སྒྲིག་བྱ་རྒྱུ་ཡིན་པ་མཚོན་ཡོད། སྔོན་དཔག་བྱས་པར་གཞིགས་ན། ལེགས་སྒྲིག་བྱས་རྗེས་ཉིན་ལྟར་ཁའེ་ཧྲེང་བཟོ་ལས་གླིང་ལ་འཚམས་འདྲི་བྱེད་མཁན་ཧན་གོ་ཕྱོགས་ཀྱི་མི་སྣ་མིག་སྔའི་800ཙམ་ནས་650ཙམ་བར་ཉུང་འཕྲི་བྱ་རྒྱུ་རེད།
         ཀྲེན་ཅུན་ཤིས་ཧན་གོ་ཕྱོགས་ཀྱིས་ཁྲའོ་ཞན་ལ་རྒྱང་བསྒྲགས་བཏང་རྗེས་ཁྲའོ་ཧན་མཐའ་མཚམས་ཀྱི་ཛ་དྲག་དུས་བབ་སྔར་བས་ཛ་དྲག་ཏུ་འགྲོ་སྲིད། བཟོ་ལས་གླིང་དུ་འགྲོ་འོང་བྱེད་མཁན་ཧན་གོ་ཕྱོགས་ཀྱི་མི་སྣའི་གཞི་ཁྱོན་ཚོད་འཛིན་བྱ་རྒྱུ་ནི་རྒྱལ་དམངས་ཀྱི་མི་ལུས་བདེ་འཇགས་སྔར་བས་འགན་ལེན་བྱ་ཆེད་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།