འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་དུ་ལོ་གསར་གྱི་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་12ཉིན། 08:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལྷ་ས་གྲོང་ཁྱེར་དུ་ལོ་གསར་གྱི་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་10ཉིན། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་དང་བོད་རང་སྐྱོང་ལྗོངས་མང་ཚོགས་རིག་གནས་སྒྱུ་རྩལ་ཁང་གིས་(མངོན་མིན་རིག་གནས་སྲུང་སྐྱོང་ལྟེ་གནས)སྒྲུབ་འགན་འཁུར་བའི“2016ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མངོན་མིན་རིག་གནས་གླུ་གར་འཁྲབ་སྟོན”དང“སྤྲེལ་ལོར་སྤྲེལ་གླེང—2016ལོའི་ལོ་གསར་གྱི་རིག་གནས་འགྲེམས་སྟོན”ལྷ་སར་བྱས་ཤིང་། གླུ་གར་འཁྲབ་སྟོན་ནི་ལྷ་ས་གྲོང་ཁྱེར་ཉང་བྲན་དམངས་་ཁྲོད་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་དང་འཁྲབ་སྟོན་དེ་བོད་ཀྱི་སྲོལ་རྒྱུན་ལྷ་མོ་དང་། གླུ་གར། དམངས་ཁྲོད་གྱོན་གོས་སོགས་གདོད་མའི་སྒྱུ་རྩལ་སོགས་ཚུད་་ཡོད། ལོ་གསར་གྱི་རིག་གནས་འགྲེམས་སྟོན་ཐོག“ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་བརྩེ། ལོ་གསར་མཉམ་དུ་དགའ་གཏོང་བྱེད”ཅེས་བརྗོད་བྱ་གཙོ་བོར་བྱས་ཏེ་པར་རིས་དང་། དངོས་པོ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པས་འཁྲབ་སྟོན་སོགས་རྣམ་པ་སྣ་ཚོགས་དང་། དེ་བཞིན་སྤྲེལ་གྱི་རིག་གནས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་ཀྱི་འབྲེལ་ཡོད་ནང་དོན་ཡོད་པ་དང་། ལོ་གསར་གྱི་རིག་གནས་འགྲེམས་སྟོན་དེ་ཟླ་1ཚེས་15ཉིན་བར་བྱ་རྒྱུ་རེད།
    ༄༅།།ལྷ་ས་གྲོང་ཁྱེར་དུ་ལོ་གསར་གྱི་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་བ།
    ༄༅།།ལྷ་ས་གྲོང་ཁྱེར་དུ་ལོ་གསར་གྱི་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་བ།
    ༄༅།།ལྷ་ས་གྲོང་ཁྱེར་དུ་ལོ་གསར་གྱི་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།