འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སྐྱིད་གྲོང་གིས་གེགས་བར་རྗེས་ཀྱི་ལོ་གསར་པ་བསུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་08ཉིན། 08:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་སྐྱིད་གྲོང་གིས་གེགས་བར་རྗེས་ཀྱི་ལོ་གསར་པ་བསུས་པ།
         མི་དམངས་དྲ་བའི་འཕྲིན། ནེ་པ་ལའི་ས་ཡོམ་ཆེན་པོའི་ཤུགས་རྐྱེན་ཕོག་པའི་བོད་ལྗོངས་གཞིས་རྩེ་སྐྱིད་གྲོང་རྫོང་དུ་མི་རིགས་ཁག་གི་མང་ཚོགས་ཚོས་གེགས་རྗེས་བསྐྱར་སྐྲུན་བྱེད་རིང་། 2016ལོ་བསུས་པ་རེད། དགུན་དུས་ཀྱི་གྲང་ངར་ལ་ཁ་གཏད་གཅོག་ཆེད་སྐྱིད་གྲོང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་དགུན་སྒྲོལ་བུད་ཤིང་མཁོ་སྤྲོད་དང་། གནོད་འཚེ་ཕོག་པའི་མང་ཚོགས་ལ་ལས་ཤག་དང་གཞུང་གི་བོགས་གཏོང་ཁང་པ་བཀོད་སྒྲིག་དང་སྟབས་བདེའི་ཁང་པ་སྐྲུན་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་1.4དགུན་སྒྲོལ་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད། བོད་ལྗོངས་སྐྱིད་གྲོང་འགག་སྒོ་དོ་དམ་ཨུ་ལྷན་གྱི་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ས་ཡོམ་བརྒྱབ་རྗེས་ལོ་ཕྱེད་ཙམ་སྒོ་བརྒྱབ་པའི་སྐྱིད་གྲོང་འགག་སྒོ་2015ལོའི་ཟླ་10ཚེས་13ཉིན་སླར་གསོ་ཐུབ་པ་དང་འབྲེལ། འགྲམ་འགག་སྒོའི་དཀའ་གནད་ཁག་གཅིག་སེལ་རོགས་བྱས་པས་ཀྲུང་ནེ་ཕྱོགས་གཉིས་པོའི་ཚོང་དོན་མགྱོགས་མྱུར་སླར་གསོ་ཐུབ་པ་དང་། སྲིད་གཞུང་དང་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་འོག་སྐྱིད་གྲོང་རྫོང་གིས་གེགས་བར་རྗེས་ཀྱི་འཚོ་བ་གསར་པ་བསུ་བཞིན་ཡོད་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།བོད་ལྗོངས་སྐྱིད་གྲོང་གིས་གེགས་བར་རྗེས་ཀྱི་ལོ་གསར་པ་བསུས་པ།
      

    ཕྱོགས་བསྡུས་གསར་འགྱུར།