འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོའི་ཀྲུང་གོའི་དྲ་རྒྱའི་རིག་གནས་ཐོན་ལས་ལོ་ཚོགས་ཀྱི་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་13ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། 2015ལོའི་ཀྲུང་གོའི་དྲ་རྒྱའི་རིག་གནས་ཐོན་ལས་ལོ་ཚོགས་ཀྱི་མཐོ་རིམ་གླེང་སྟེགས་ཚེས་8ཉིན་པེ་ཅིང་དུ་འཚོགས་པ་དང་། རིག་གནས་པུའི་པུའུ་ཀྲང་ལུའོ་ཧྲུའུ་ཀང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         ལུའོ་ཧྲུའུ་ཀང་གིས་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་དྲ་རྒྱའི་རིག་གནས་འཕེལ་རྒྱས་མགྱོགས་པོ་བྱུང་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དྲ་རྒྱའི་རིག་གནས་ཐོན་ལས་མགྱོགས་མྱུར་འཕར་བ་དང་མིག་སྔར་རང་རྒྱལ་གྱི་དྲ་མི་དུང་ཕྱུར་6.7ཟིན་པ་ལས་དྲ་རྒྱའི་རོལ་དབྱངས་ཉན་མཁན་དུང་ཕྱུར་4.8དང་། དྲ་རྒྱའི་བརྙན་ལམ་ལྟ་མཁན་དུང་ཕྱུར་4.4 དྲ་རྒྱའི་རོལ་རྩེད་རྩེད་མཁན་དུང་ཕྱུར་3.7 དྲ་རྒྱའི་རྩོམ་རིག་ལྟ་མཁན་དུང་ཕྱུར་2.9བཅས་ཟིན་ཡོད། དྲ་རྒྱའི་རོལ་དབྱངས་དང་། དྲ་རྒྱའི་རོལ་རྩེད། དྲ་རྒྱའི་རྩོམ་རིག་སོགས་མཚོན་བྱེད་དུ་བྱས་པའི་དྲ་རྒྱའི་རིག་གནས་ཐོན་ལས་དེ་རིག་གནས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་བ་མ་ཟད། རིག་གནས་འཛད་སྤྱོད་ཁྲོད་གསོན་ཤུགས་ཆེན་པོ་ལྡན་པའི་ཁྱབ་ཁོངས་ཤིག་ཏུའང་གྱུར་ཡོད། དྲ་རྒྱའི་རོལ་རྩེད་ཐོན་ལས་ལོ་8བསྟུད་མར་ལོ་རེར་30%ཙམ་གྱི་མྱུར་ཚད་ཐོག་ནས་འཕར་ཏེ་2014ལོར་ཡོང་འབབ་མི་དམངས་ཤོག་སྒོར་དུང་ཕྱུར་1069.2ལོན་ནས་འདས་ཟིན་མ་ཐག་པའི་2015ལོར་སྒོར་དུང་ཕྱུར་1330.8ཟིན་ཏེ་དུས་མཚུངས་ལས་25.3%འཕར་བ་དེའི་ནང་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་དྲ་རྒྱའི་རོལ་རྩེད་ཐོན་རྫས་སྒོར་དུང་ཕྱུར་945.4ཟིན་ནས་70%བཟུང་ཡོད་ཅིང་། དྲ་རྒྱའི་རིག་གནས་གསར་རྩོམ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། དྲ་རྒྱའི་རིག་གནས་སྤྱོད་མཁན་ནི་འཛད་སྤྱོད་པ་ཙམ་མ་ཟད་གསར་རྩོམ་པའང་ཡིན་པ་དང་ཁོང་ཚོས་དྲ་རྒྱའི་རིག་གནས་འཛད་སྤྱོད་འབོར་ཆེན་བྱེད་པ་དང་ཆབས་ཅིག དྲ་རྒྱའི་རིག་གནས་སྤྲོ་སེམས་ཆེན་པོས་གསར་གཏོད་བྱེད་ཀྱི་ཡོད། རང་རྒྱལ་གྱི་དྲ་རྒྱའི་རིག་གནས་རང་བརྟེན་གསར་གཏོད་དང་རང་བརྟེན་ཞིབ་བཟོ་བྱེད་པའི་ནུས་པ་ཡར་རྒྱས་མགྱོགས་པོ་བྱུང་བ་དང་། དྲ་རྒྱའི་རིག་གནས་བརྩམས་ཆོས་ཀྱི་གྲངས་འབོར་ཆེས་ཆེར་འཕར་བ། ཀྲུང་གོའི་གཏམ་རྒྱུད་བརྗོད་པ་དང་ཀྲུང་གོའི་སྙིང་སྟོབས་བརྒྱུད་སྤྲོད་བྱེད་པ། སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཉིས་ལེགས་ཀྱི་དྲ་རྒྱའི་རིག་གནས་བརྩམས་ཆོས་ཇེ་མང་དུ་གྱུར་ཡོད། དྲ་རྒྱའི་རིག་གནས་ཤེས་ལྡན་པ་རྒྱུན་ཆད་མེད་པར་ཐོན་པ་དང་དྲ་རྒྱའི་རིག་གནས་དེ་ཕུལ་བྱུང་རིག་གནས་ཤེས་ལྡན་པ་མཉམ་འཛོམས་བྱེད་སའི་མཐོ་ས་གསར་པ་ཞིག་ཏུ་གྱུར་བཞིན་ཡོད། དྲ་རྒྱའི་རིག་གནས“ཕྱིར་སྐྱོད་པའི”གོམ་སྟབས་མགྱོགས་སུ་ཕྱིན་ཡོདཅིང་། རང་རྒྱལ་གྱིས་བཟོས་པའི་དྲ་རྒྱའི་རིག་གནས་ཐོན་རྫས་ཁག་གཅིག་འཛམ་གླིང་ཐོག་གི་རྒྱལ་ཁབ་དང་ས་ཁུལ་མང་པོ་ཞིག་ཏུ་ཕྱིར་གཏོང་བྱས་ནས་ཕྱིར་གཏོང་གྲངས་འབོར་ལོ་རེ་བཞིན་མང་དུ་སོང་ཡོད། དྲ་རྒྱའི་རིག་གནས་དེ་ཕྱི་ཕྱོགས་སུ་རིག་གནས་སྤེལ་རེས་རྒྱ་ཆེར་འགྲོ་བ་དང་རང་རྒྱལ་གྱི་རིག་གནས་འཇམ་ཤུགས་མངོན་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། ཁེ་ལས་ལས་རིགས་ཀྱིས་དྲ་རྒྱའི་རིག་གནས་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བ་དང་འོད་སྟོང་འབར་བའི་འཕེལ་རྒྱས་མདུན་ལམ་དང་འཕེལ་རྒྱས་བར་མཐོངས་ཆེན་པོ་ལྡན་པའི་ངོས་འཛིན་རྒྱ་ཁྱབ་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།