འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཧྭའི་བྱིས་པའི་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ཀྱི“བྱིས་པའི་ལས་འབྲེལ”གྱི་རོགས་སྐྱོར་
    དུས་ཐེངས་གསུམ་ལ་སྒོར་ཁྲི་745བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་13ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་1ཚེས་10ཉིན་《ཀྲུང་ཧྭའི་བྱིས་པའི་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ཀྱི“བྱིས་པའི་ལས་འབྲེལ”རོགས་སྐྱོར་བྱེད་ལམ་གྱི་ཞིབ་འཇུག་སྙན་ཞུ་》ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2012ལོའི་ཟླ་བ་བདུན་པར“བྱིས་པའི་ལས་འབྲེལ”གྱི་དུས་ཐེངས་གསུམ་གྱི་རོགས་སྐྱོར་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་དང་རྣམ་གྲངས་62ལ་རོགས་རམ་བྱས་ཡོད། དངོས་སུ་རོགས་སྐྱོར་བྱེད་ཚད་སྒོར་ཁྲི་745ཟིན་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་སྒྲིག་གཞིའི་ས་ཁོངས་ཁྱབ་རྒྱ་ཆེ་བ་དང“བྱིས་པའི་ལས་འབྲེལ”གྱི་གོང་གི་དུས་ཐེངས་གསུམ་གྱི་རྣམ་གྲངས་ལག་བསྟར་སྒྲིག་གཞི་དེ་རང་རྒྱལ་གྱི་ཞིང་ཆེན་ཕལ་ཆེ་བ་དང་འབྲེལ་བ་ཡོད། “བྱིས་པའི་ལས་འབྲེལ”གྱི་གོང་གི་དུས་ཐེངས་གསུམ་གྱིས་དོ་སྣང་བྱ་ཡུལ་དེ་བྱིས་པ་དབུལ་པོ་དང་། དབང་སྐྱོན་དང་ན་ཚ་ཡོད་པའི་བྱིས་པ། དྭ་ཕྲུག གཞིས་སྲུང་བྱིས་པ། དཀའ་ངལ་ཡོད་པའི་བྱིས་པ་(ཁྲིམས་ཆད་འཁུར་མཁན་གྱི་མི་སྣའི་བུ་ཕྲུག་དང་། ཁྱིམ་ཚང་གི་རྩུབ་སྤྱོད་ཀྱི་ཤུགས་རྐྱེན་ཕོག་པའི་བྱིས་པ། བྱིས་པ་སྐྱོན་ཅན)སོགས་དམིགས་བསལ་དཀའ་ངལ་ཡོད་པ་དང་སྤྱི་ཚོགས་ཀྱིས་སྣང་ཆུང་བྱེད་སླ་བའི་བྱིས་པའི་ཚོགས་སྤྱི་ཡིན་ཞིང་། དེའི་ནང་བྱིས་པ་དབུལ་པོ་རྣམས་གོང་གི་དུས་ཐེངས་གསུམ་གྱི་རྣམ་གྲངས་ཀྱི་དོ་སྣང་བྱ་ཡུལ་གཙོ་གནད་ཡིན་པ་རེད། “བྱིས་པའི་ལས་འབྲེལ”མ་དངུལ་རོགས་སྐྱོར་རྣམ་གྲངས་ནང་ཐད་ཀའི་རོགས་སྐྱོར་དང་ལེན་བྱ་ཡུལ་བྱིས་པ་ཕུད། ད་དུང་བྱིས་པའི་སྤྱི་ཚོགས་དང་ཁྱིམ་ཚང་ལ་རྒྱབ་སྐྱོར་དང་རོགས་སྐྱོར་དང་ལེན་བྱེད་མཁན་དགེ་རྒན་དང་ཁྱིམ་བདག་གི་ཚོགས་སྤྱིའང་ཚུད་ཡོད་པ་རེད།
         རོགས་སྐྱོར་དང་ལེན་བྱེད་མཁན་ཚོགས་སྤྱིའི་དགོས་མཁོ་མི་འདྲ་བར་གཞིགས་ན། “བྱིས་པའི་ལས་འབྲེལ”ལ་གཙོ་གནད་འཚོ་གནས་རོགས་སྐྱོབ་དང་། སྨན་བཅོས་རོགས་སྐྱོབ། སེམས་ཁམས་རོགས་སྐྱོབ། རྩལ་ནུས་རོགས་སྐྱོབ། འཚར་ལོངས་རོགས་སྐྱོབ་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་སྤེལ་གྱི་ཡོད། དེའི་ནང་ནས་བྱིས་པའི་འཚོ་གནས་དང་སྨན་བཅོས་སོགས་གཞི་རྩའི་འཚོ་གནས་ཀྱི་དགོས་མཁོ་དང་འཚར་ལོངས་ཀྱི་དགོས་མཁོར་དོ་སྣང་ཆེ་ཤོས་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།