འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་ནུབ་རྒྱུད་ཞིང་ལས་ཚོང་འདུས་ཐོག་བཏོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་13ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཚོང་འདུས་སྐབས་བཅོ་ལྔ་པ་ཁྲུང་ཆིང་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་གཉེར་ཞིང་། མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་སྣེ་འདྲེན་ཁེ་ལས་10ཡི་ཐོན་རྫས་300ལྷག་ཙམ་ཞིང་ལས་ཐོན་རྫས་ཚོང་འདུས་ཐོག་བཏོན་ཡོད།
         སྐབས་འདིའི་ནུབ་རྒྱུད་ཞིང་ལས་ཐོན་རྫས་ཚོང་འདུས་ལ་ཞུགས་མཁན་ནང་། མཚོ་སྔོན་ཞིང་ཆེན་ཞིང་ལས་ཐོན་རྫས་འཁོར་རྒྱུག་སྐུལ་འདེད་ཚོགས་པས་སྣེ་ཁྲིད་པ་དང་། མཚོ་སྔོན་གྱི་ཀྲོའུ་6དང་གྲོང་ཁྱེར་1གི་ཁེ་ལས་300ཡི་ཁྲོད་ནས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཙོ་གནད་སྣེ་འདྲེན་ཁེ་ལས་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་10སྒྲིག་འཛུགས་བྱས་ཡོད། དེའི་ནང་མཚོ་སྔོན་ཁུ་ཁུ་ཤིས་རི་སྡེ་ལས་གསར་སྤེལ་ཚོགས་པ་ཚད་ཡོད་ཀུང་སི་དང་། ཙོང་ཁ་ཧུང་ཏ་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཚད་ཡོད་ཀུང་སི། མཚོ་སྔོན་ཆིང་ཅང་སྡེ་ལས་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྱི་ཐོན་རྫས་300ལྷག་ཙམ་ཁྲུང་ཆིང་ནུབ་རྒྱུད་ཞིང་ལས་ཐོན་རྫས་ཚོང་འདུས་ཐོག་བཏོན་ཡོད། ད་ཐེངས་ཀྱི་འགྲེམས་སྟོན་ཐོག་མཚོ་སྔོན་གྱི་འཐུས་མི་ཚོགས་པས་ཞིང་ཆེན་དེ་ཡོངས་ཀྱི་ཞིང་འབྲོག་ལས་རྣམ་གྲངས་ཀྱི་ཚོང་འགུགས་མ་འདྲེན་དང་ཞིང་ལས་ཐོན་རྫས་འོས་སྦྱོར་འགྲེམས་ཚོང་ལ་སྔར་བས་སྐུལ་མ་གཏོང་བ་དང་། མཚོ་སྔོན་དང་ཁྲུང་ཆིང་དབར་གྱི་མཉམ་ལས་འབྲེལ་བར་སྔར་བས་ཤུགས་སྣོན་བརྒྱབ་ནས་ས་གནས་གཉིས་པོའི་མཉམ་ལས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། འཕེལ་རྒྱས་ཀྱི་ལས་སྟེགས་དང་ཚོང་ལས་གོ་སྐབས་མཉམ་སྤྱོད་བྱ་རྒྱུ་དེ་འགྲེམས་སྟོན་ནང་ཞུགས་པའི་དམིགས་ཡུལ་དུ་བྱེད་པ་བཅས་བྱས་ནས་མཚོ་སྔོན་གྱི་སྐད་གྲགས་ཆེ་བའི་ཞིང་ལས་ཐོན་རྫས་ཁེ་ལས་དང་དེ་བཞིན་ཚོང་ཟོག་ཁྲུང་ཆིང་ནུབ་རྒྱུད་ཞིང་ལས་ཚོང་འདུས་ཐོག་མངོན་པར་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།