འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་གསུམ་པའི་རྒྱལ་ཡོངས་ལ་མཚམས་སྦྱོར་བྱེད་པའི་མི་རིགས་དཔེ་དེབ་ཕུལ་བྱུང་ཅན་བརྒྱའི་
    དཔར་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་08ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སྐབས་གསུམ་པའི་རྒྱལ་ཡོངས་ལ་མཚམས་སྦྱོར་བྱེད་པའི་མི་རིགས་དཔེ་དེབ་ཕུལ་བྱུང་ཅན་བརྒྱའི་
དཔར་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་1ཚེས་7ཉིན། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གཉིས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི"སྐབས་གསུམ་པའི་རྒྱལ་ཡོངས་ལ་མཚམས་སྦྱོར་བྱེད་པའི་མི་རིགས་དཔེ་དེབ་ཕུལ་བྱུང་ཅན་བརྒྱ"ཡི་དཔར་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝུའུ་ཧྲང་ཀྲི་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དོན་གྲུབ་དབང་འབུམ་ཚོགས་འདུར་ཞུགས་ཡོད་པ་རེད།
         སྐབས་གསུམ་པའི་རྒྱལ་ཡོངས་ལ་མཚམས་སྦྱོར་བྱེད་པའི་མི་རིགས་དཔེ་དེབ་ཕུལ་བྱུང་ཅན་བརྒྱ་ཡི་ནང་། རྒྱལ་ཡོངས་ཀྱི་དཔེ་སྐྲུན་ལས་ཁུངས་114དང་དཔེ་དེབ་རིགས་714ཞུགས་ཡོད་པ་རེད། ཐོག་མའི་ལེགས་འདེམས་སོགས་བྱས་རྗེས། ཡིག་ཐོག་སྙན་ཞུའི་ཆ་རྐྱེན་དང་འཚམ་པའི་དཔེ་དེབ་རིགས་391ཡོད་པ་དང་། དེའི་ནང་རྒྱ་ཡིག་གི་དཔེ་དེབ་རིགས་165དང་། དེས་42%ཟིན་པ། གྲངས་ཉུང་མི་རིགས་ཀྱི་དཔེ་དེབ་རིགས་226ཡོད་པ་དང་། དེས་58%ཟིན་འདུག ཆེད་མཁས་པས་ཞིབ་ཀློག་དཔྱད་མོལ་དང་སྨྱན་སྦྱོར་དུ་ཡོངས་བསྒྲགས་བྱས་པ་བརྒྱུད། རྒྱལ་ཡོངས་ལ་མཚམས་སྦྱོར་བྱེད་པའི་མི་རིགས་དཔེ་དེབ་ཕུལ་བྱུང་ཅན་བརྒྱ་གཏན་འཁེལ་བྱས་པ་རེད།
         ཐེངས་འདིའི་དཔྱད་བདམས་བྱུང་བའི་མི་རིགས་དཔེ་དེབ་ཕུལ་བྱུང་ཅན་གྱི་ཁྲོད། སོག་ཡིག་དང་བོད་ཡིག ཡུ་གུར་གྱི་ཡི་གེ  ཧ་སག་གི་ཡི་གེ  ཁྲའོ་ཞན་གྱི་ཡི་གེ  དབྱི་རིགས་ཀྱི་ཡི་གེ  ཁོར་ཁེ་ཙི་རིགས་ཀྱི་ཡི་གེ་སོགས་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་20འདུས་ཡོད་ཅིང་། དེ་དག་ནི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སྒྱུ་རྩལ། ཚན་རིག་ལག་རྩལ་སོགས་རིགས་ཚུད་ཡོད་པས། མཚམས་སྦྱོར་བྱས་པའི་དཔེ་དེབ་དག་གིས་རྒྱ་ཁྱབ་རང་བཞིན་དང་ཁེབས་ཚད་ཆེ་བ་མངོན་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།སྐབས་གསུམ་པའི་རྒྱལ་ཡོངས་ལ་མཚམས་སྦྱོར་བྱེད་པའི་མི་རིགས་དཔེ་དེབ་ཕུལ་བྱུང་ཅན་བརྒྱའི་
དཔར་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།