འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོར་བོད་རང་སྐྱོང་ལྗོངས་ཀྱི་རྫོང་གྲོང་ཡོངས་ལ་4Gདྲ་རྒྱ་ཁྱབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་13ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཚོང་འཕྲིན་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། བོད་ཀྱི་འཕྲིན་གཏོང་ལས་རིགས་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ཞིང་། འདི་ལོ་བོད་ཀྱིས་གྲོན་དངུལ་གཅོག་པ་དང་དྲ་རྒྱའི་མྱུར་ཚད་མགྱོགས་སུ་བཏང་བས། ལྗོངས་ཡོངས་ཀྱི་ས་ཁུལ་གྲོང་ཁྱེར་བདུན་གྱི་གྲོང་ཁུལ་དུ་དྲ་རྒྱ་ཁྱབ་པ་བྱ་རྒྱུ་དང་འབྲེལ་20Mཡན་གྱི་དྲ་རྒྱ་སྤྱོད་མཁན་50%ལས་བརྒལ་བ་བྱ་རྒྱུ་མ་ཟད། རིགས་པས་ཁུངས་སྐྱེལ་བྱེད་པའི་རྨང་གཞིའི་ཐོག་4Gགི་དྲ་རྒྱ་ཁྱབ་གདལ་བཏང་ནས་དྲ་རྒྱ་ཁྱབ་ཚད་དང་སྤྱོད་ཚད་ཆེ་རུ་གཏོང་རྒྱུ་དང་འབྲེལ་4Gལས་སྒོ་དེ་ལྗོངས་ཡོངས་ཀྱི་རྫོང་གྲོང་ཡོད་དོ་ཅོག་ལ་ཁྱབ་པ་བྱ་རྒྱུ་རེད།
         “འདི་ལོ་ང་ཚོས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱ་རྒྱུ་མ་ཟད། རིགས་པས་ཁུངས་སྐྱེལ་བྱེད་པའི་རྨང་གཞིའི་ཐོག་4Gཁྱབ་གདལ་བཏང་སྟེ། 4Gདྲ་རྒྱ་ཁྱབ་ཚད་དང་སྤྱོད་ཚད་ཆེ་རུ་བཏང་ནས་5Gདྲ་རྒྱ་སྤྱོད་རྒྱུར་རྨང་གཞི་འདིང་རྒྱུ་ཡིན། 4Gདྲ་རྒྱ་ལྗོངས་ཡོངས་སུ་ཁྱབ་པ་བྱས་ཏེ། 4Gསྤྱོད་མཁན་མི་གྲངས་ཁྲི་50བརྒལ་བ་བྱ་རྒྱུ་ཡིན་ལ། འདི་ལོ་ད་དུང་གྲོན་དངུལ་གཅོག་པ་དང་དྲ་རྒྱའི་མྱུར་ཚད་མགྱོགས་སུ་བཏང་ནས་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་ལ་དྲ་རྒྱ་ཁྱབ་པ་བྱ་རྒྱུ་དང་20Mཡན་གྱི་དྲ་ཆེན་སྤྱོད་མཁན་བསྡུར་ཚད་50%ཡན་བརྒལ་བ་བྱས་ཏེ་དྲ་རྒྱ་དར་བའི་ལྗོངས་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན”ཞེས་བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་ཅུས་ཀྲང་ཆིང་ཆི་ཡིས་བརྗོད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།