འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་མྱུར་སྐྱེལ་དངོས་ཟོག་ལས་རིགས་ཀྱི་ལོའི་ལས་སྒོའི་གྲངས་འབོར་དུང་ཕྱུར་200
    ལས་ཐོག་མར་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་27ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་25ཉིན་གསར་འགོད་པར་རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཚེས་25ཉིན་གྱི་ཞོགས་པའི་ཆུ་ཚོད་10དང་སྐར་མ་08བར་རང་རྒྱལ་གྱིས་འདི་ལོ་མྱུར་སྐྱེལ་དངོས་ཟོག་དུང་ཕྱུར་200གཏོང་ལེན་བྱས་ཡོད་པ་རེད།
         ན་ནིང་རང་རྒྱལ་གྱི་མྱུར་སྐྱེལ་དངོས་ཟོག་ལས་རིགས་ཀྱི་ལོའི་ལས་སྒོའི་གྲངས་འབོར་དུང་ཕྱུར་100ལས་ཐོག་མར་བརྒལ་ཞིང་། འདི་ལོར་མྱུར་སྐྱེལ་ལས་རིགས་མགྱོགས་མྱུར་འཕར་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱུང་བ་དང་སྔོན་དཔག་བྱས་ན། རྒྱལ་ཡོངས་ཀྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དེ་དུང་ཕྱུར་206ལས་བརྒལ་ནས་དུས་མཚུངས་ལས་47.9%འཕར་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཡོངས་སུ་གསར་དུ་བསྐྲུན་པ་དང་སྐྲུན་བཞིན་པའི་མྱུར་སྐྱེལ་ཟོག་འགྲེམས་ཁུལ་200ལས་བརྒལ་ཡོད་པ་དང་2015ལོར་སྐྱེལ་འདྲེན་མ་ལམ་ཐོག་དངོས་ཟོག་མྱུར་སྐྱེལ་བྱེད་མཁན་རླངས་འཁོར་ཁྲི་2.2མང་དུ་བཏང་ཡོད། མིག་སྔར་ལས་རིགས་དེར་རང་བརྟེན་མཁའ་འགྲུལ་ཀུང་སི་གསུམ་ཡོད་པ་དང་ཟོག་འདྲེན་གནམ་གྲུ་78ལྷག་ཙམ་ཟིན་ནས་དངོས་ཟོག་མྱུར་སྐྱེལ་བྱེད་ཚད་དེ་རྒྱལ་ནང་མཁའ་འགྲུལ་སྐྱེལ་འདྲེན་གྱི་ཕྱེད་ཀ་ཡན་བཟུང་ཡོད་ཅིང་། མིག་སྔའི་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོར་སྒྲིག་སྦྱོར་བྱས་པའི་རིག་ནུས་མྱུར་སྐྱེལ་དངོས་ཟོག་སྒམ་ཁྲི་དྲུག་ལྷག་ཙམ་ཡོད་ལ། མྱུར་སྐྱེལ་དངོས་ཟོག་བསྐུར་ཚད་དུང་ཕྱུར་2ལྷག་ཙམ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།