འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་
    ལས་དོན་སྤེལ་འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་27ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་གྱི་ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་ཀྱི་སྐུལ་སློང་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཟི་ལིང་དུ་འཚོགས་པ་དེ་ཐོག་ནས་ཞིང་ཆེན་ཡོངས་ཀྱི་ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ནས་ལས་ཐོག་ལས་བྱེད་ལས་བཟོ་དང་ལག་འཁྱུར་ངལ་གསོ་རྒྱག་མཁན་ཁྲི་30ཙམ་རྒན་གསོ་འགན་བཅོལ་གྱི་མ་ལག་ནང་འཇུག་རྒྱུ་ཡིན་པ་མཚོན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྒྱུར་བཅོས་ལས་འགན་ནི“ཡོངས་ཁྱབ་དང་། གཞི་རྩ་འགན་ལེན། རིམ་པ་མང་བ། རྒྱུན་སྲིང”བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་ལེན་མ་ལག་འཛུགས་རྒྱུར་སྤྱི་འདོམས་བྱེད་པ་དང་འདྲ་མཉམ་རང་བཞིན་ཆེ་རུ་གཏོང་བ་དང་། འཁོར་རྒྱུག་རང་བཞིན་དང་མཐུན་པ་བྱེད་པ། རྒྱུན་སྲིང་རང་བཞིན་འགན་ལེན་བཅས་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོའི་ལམ་ལུགས་སྒྱུར་བཅོས་བྱས་ཐོག་ལས་ཁུངས་དང་བྱ་གཞག་ཚན་པའི་ཕྱིར་རང་ཚུགས་ཐུབ་པ་དང་། མ་དངུལ་ཡོང་ཁུངས་མང་བ། འགན་ལེན་བྱ་ཐབས་དང་རིམ་པ་མང་བ། དོ་དམ་ཞབས་ཞུ་སྤྱི་ཚོགས་ཅན་དུ་འགྱུར་བ་བཅས་ཀྱི་རྒན་གསོ་འགན་བཅོལ་མ་ལག་རིམ་བཞིན་བཙུགས་ནས་དེ་བས་འདྲ་མཉམ་དང་རྒྱུན་སྲིང་གི་རྒན་གསོ་འགན་བཅོལ་ལམ་ལུགས་གང་མགྱོགས་གྲུབ་པ་བྱ་རྒྱུ་དེ་རེད།
         སྒྱུར་བཅོས་ཀྱི་གཙོ་གནད་ཁག་བཞི་སྟེ། གཅིག་ནི་རྒན་གསོ་འགན་བཅོལ་ལམ་ལུགས་ཀྱི་དཔེ་དབྱིབས་སྒྱུར་བཅོས་བྱས་ཏེ་དེ་སྔའི་ཚན་པས་འགན་ལེན་བྱེད་པ་ནས་སྤྱི་ཚོགས་འགན་བཅོལ་བྱ་ཐབས་སུ་བསྒྱུར་བ་དང་། གཉིས་ནི་རྩིས་བརྒྱབ་སྟེ་སྤྲོད་པའི་བྱ་ཐབས་སྒྱུར་བཅོས་བྱས་ནས་ལས་འཁྱུར་ངལ་གསོའི་དངུལ་དེ་སྔའི“མཐའ་མའི་གླ་ཕོགས”ཀྱི་བསྡུར་ཚད་ངེས་ཅན་གྱི་ཐོག་ནས་རིམ་དབྱེ་གཤམ་སྤྲོད་བྱེད་པ་ནས་ལོ་རེ་བཞིན་གྲོན་དངུལ་འཇལ་བའི་དངུལ་འབོར་མང་ཉུང་དང་གྲོན་དངུལ་འཇལ་བའི་དུས་ཚོད་རིང་ཐུང་ལ་གཞིགས་ཏེ་རྒན་གསོའི་དངུལ་སྤྲོད་པའི་ཚད་གཞིར་བསྒྱུར་བ་དང་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོའི་དངུལ་སྤྲོད་སྟངས་དང་གཅིག་མཚུངས་ཡིན་པས་གཞི་རྩའི་སྒྲིག་སྲོལ་གྱི་འདྲ་མཉམ་མངོན་པ། གསུམ་ནི་ཐོབ་ཐང་ལེགས་སྒྲིག་ལམ་སྲོལ་སྒྱུར་བཅོས་བྱས་ཏེ་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་གཞི་རྩའི་རྒན་གསོའི་ཐོབ་ཐང་ལེགས་སྒྲིག་བྱེད་པ་དང་སྤྱི་འདོམས་བསམ་གཞིག་བྱེད་པ། བཞི་ནི་ལས་བཟོའི་ལོ་ཕོགས་ལམ་ལུགས་ལེ་ལག་ཚང་བའི་ངང་བཙུགས་ཐོག་ཕྱོགས་རྐྱང་པའི་ལས་འཁྱུར་ངལ་གསོའི་མ་དངུལ་ནས་གཞི་རྩའི་རྒན་གསོའི་མ་དངུལ་ཐོག་ཁ་གསབ་འགན་བཅོལ་བསྣན་པའི་རིམ་པ་མང་བའི་གྲུབ་ཆར་བསྒྱུར་བ་བཅས་རེད།
         མིག་སྔར་འབྲེལ་ཡོད་ལེ་ལག་ཚང་བའི་སྲིད་ཇུས་རིམ་བཞིན་བཏོན་པ་དང་གླ་ཕོགས་སྒྱུར་བཅོས་དོན་ཐོག་ཏུ་འཁྱོལ་ནས་འགན་བཅོལ་ནང་ཞུགས་མཁན་གྱི་གྲངས་གཞི་འཚོལ་བསྡུ་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།